- skyes pa la 'os pa'i rtsal sna dgu
- ID:
- T224476
- སྐྱེས་པ་ལ་འོས་པའི་རྩལ་སྣ་དགུ (Tibetan, Tibetan script, Original)
- > skyes pa la 'os pa'i rtsal sna dgu (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyepa la öpé tsal na gu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(ཕོ་རྩལ་སྣདགུ)སྐྱེས་པ་ཕོ་ལ་ཡོད་འོས་པའི་སྒྱུ་རྩལ་སྣ་དགུ་སྟེ། ༡་ལོ་རྒྱུས་ཀྱིས་དགེ་ཐོན་པ་ཞེས་སྔོན་གྱི་ལོ་རྒྱུས་ཡིད་ཆེས་ཤིང་ཁུངས་དང་ལྡན་པ་གླེང་བ་ལ་བརྟེན་ནས་ཉན་པ་པོའི་བློ་སྒོ་འབྱེད་ནུས་པ། ༢་གཏམ་གྱིས་བཞད་གད་ལྷོང་པ་ཞེས་མང་པོཚོགས་པའི་དབུས་སུ་རྒོད་བྲོ་ཞིང་ཡ་མཚན་པའི་གཏམགླེང་བ་ལ་བརྟེན་ནས་ཉན་པ་པོ་རྣམས་རང་དབང་མེད་པར་གད་མོ་འཆོར་དུ་འཇུག་ནུས་པ། ༣་ཤགས་ཀྱིས་ཕརོལ་གནོན་པ་ཞེས་གཞན་དང་ཤགས་འགྱེད་བྱས་པ་ལབརྟེན་ནས་སྨྲ་བ་ལ་མཁས་པ་རྣམས་ཀྱང་ལན་མེད་པར་བྱེད་ནུས་པ། ༤མཐེབ་ཀྱིས་ཤ་ནོན་པ་ཞེས་ལུས་ཤེད་ལ་བརྟེན་ནས་སྟོབས་ཆེན་ས་ལ་བསྒྱེལ་ནུས་པ། ༥རྐྱལ་གྱིས་ཆུ་ཆེན་གཅོད་པ་ཞེས་དྲག་ཏུ་རྒྱུག་པའི་ཆུ་ཀླུང་ཆེན་པོ་ཡང་ཆུ་རྐྱལ་ལ་བརྟེན་ནས་ཕ་རོལ་དུ་བགྲོད་པ། ༦ཡང་རྩལ་བྱ་ལྟ་བུ་ཞེས་མཆོངས་པ་དང་། རྒྱུགས་པ། ཐག་རྩེད་ཤིང་རྩེད་སོགས་ལ་ལུས་པོ་ཡང་རྩལ་ཆེ་བ་བྱ་ལྟ་བུ། ༧་ཁ་གསལ་ལ་གཏིང་མི་རྟོགས་པ་ཞེས་གཏམ་སྨྲ་བའི་ཚེ་ཁ་གསལ་ཡང་སེམས་ཀྱི་གདེངས་ཚོད་སུས་ཀྱང་མི་ལོན་པ། ༨མཛངས་ལ་བློ་འགྱུ་བ་ཞེས་བྱ་བ་སྒྲུབ་པའི་ཐབས་ལམཁས་ཤིང་སྣེ་མང་གི་འགྱུར་ལྡོག་འཕྲལ་དུ་མཐོང་ཐུབ་པ། ༩་དཔའ་ལ་བསྲན་ཚུགས་པ་ཞེས་དཀའ་སྡུག་ལ་མི་སྐྲགཅིང་བཟོད་བསྲན་ཆེ་བ་བཅས་དགུ་ཡིན་ཅིང་། དེ་རྣམས་ཀྱི་ནང་ནས་དང་པོ་གསུམ་ནི་ངག་གི་རྩལ། བར་པ་གསུམ་ནི་ལུས་ཀྱི་རྩལ་དང་། མཐའ་མ་གསུམ་ནི་ཡིད་ཀྱི་རྩལ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
(ཕོ་རྩལ་སྣ་དགུ) སྐྱེས་པ་ཕོ་ལ་ཡོད་འོས་པའི་སྒྱུ་རྩལ་སྣ་དགུ་སྟེ། ༡ ལོ་རྒྱུས་ཀྱིས་དགེ་ཐོན་པ་ཞེས་སྔོན་གྱི་ལོ་རྒྱུས་ཡིད་ཆེས་ཤིང་ཁུངས་དང་ལྡན་པ་གླེང་བ་ལ་བརྟེན་ནས་ཉན་པ་པོའི་བློ་སྒོ་འབྱེད་ནུས་པ། ༢ གཏམ་གྱིས་བཞད་གད་སློང་པ་མང་པོ་ཚོགས་པའི་དབུས་སུ་རྒོད་བྲོ་ཞིང་ཡ་མཚན་པའི་གཏམ་གླེང་བ་ལ་བརྟེན་ནས་ཉན་པ་པོ་རྣམས་རང་དབང་མེད་པར་གད་མོ་འཆོར་དུ་འཇུག་ནུས་པ། ༣ ཤགས་ཀྱིས་ཕ་རོལ་གནོན་པ་ཞེས་གཞན་དང་ཤགས་འགྱེད་བྱས་པ་ལ་བརྟེན་ནས་སྨྲ་བ་ལ་མཁས་པ་རྣམས་ཀྱང་ལན་མེད་པར་བྱེད་ནུས་པ། ༤ མཐེབ་ཀྱིས་ཤ་ནོན་པ་ཞེས་ལུས་ཤེད་ལ་བརྟེན་ནས་སྟོབས་ཆེན་ས་ལ་བསྒྱེལ་ནུས་པ། ༥ རྐྱལ་གྱིས་ཆུ་ཆེན་གཅོད་པ་ཞེས་དྲག་ཏུ་རྒྱུག་པའི་ཆུ་ཀླུང་ཆེན་པོ་ཡང་ཆུ་རྐྱལ་ལ་བརྟེན་ནས་ཕ་རོལ་དུ་བགྲོད་པ། ༦ ཡང་རྩལ་བྱ་ལྟ་བུ་ཞེས་མཆོངས་པ་དང་། རྒྱུགས་པ། ཐག་རྩེད། ཤིང་རྩེད་སོགས་ལ་ལུས་པོ་ཡང་རྩལ་ཆེ་བ་བྱ་ལྟ་བུ། ༧ ཁ་གསལ་གཏིང་མི་རྟོགས་པ་ཞེས་གཏམ་སྨྲ་བའི་ཚེ་ཁ་གསལ་ཡང་སེམས་ཀྱི་གདེངས་ཚོད་སུས་ཀྱང་མི་ལོན་པ། ༨ མཛངས་ལ་བློ་འགྱུ་བ་ཞེས་བྱ་བ་སྒྲུབ་པའི་ཐབས་ལ་མཁས་ཤིང་སྣེ་མང་གི་འགྱུར་ལྡོག་འཕྲལ་དུ་མཐོང་ཐུབ་པ། ༩ དཔའ་ལ་བསྲན་ཚུགས་པ་ཞེས་དཀའ་སྡུག་ལ་མི་སྐྲག་ཅིང་བཟོད་བསྲན་ཆེ་བ་བཅས་དགུ་ཡིན་ཅིང་། དེ་རྣམས་ཀྱི་ནང་ནས་དང་པོ་གསུམ་ནི་ངག་གི་རྩལ། བར་པ་གསུམ་ནི་ལུས་ཀྱི་རྩལ་དང་། མཐའ་མ་གསུམ་ནི་ཡིད་ཀྱི་རྩལ་ཡིན།
- language:
- Tibetan