Skip to main content Skip to search
skyes pa'i yon tan sgyu rtsal re bzhi
ID:
T224480
  • སྐྱེས་པའི་ཡོན་ཏན་སྒྱུ་རྩལ་རེ་བཞི (Tibetan, Tibetan script, Original)
    • > skyes pa'i yon tan sgyu rtsal re bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyepé yönten gyutsal ré shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལུང་ཕྲན་ཚེགས་འགྲེལ་པར། རོལ་མོའི་མཚན་ཉིད་སྒྱུ་མ་དང་། །འགྱེདསྟོབས་དང་ནི་མེ་ཏོག་ལས། །དམག་རྣམས་དང་ནི་བདགཉིད་ཤེས། །གཡོས་སུ་བྱ་བ་རྣམ་པར་ངེས། །ཚོང་དང་ནོར་ནི་བསྒྱུར་བ་དང་། །རྒྱན་དང་ལྷག་རྩིས་བཅུད་ཀྱི་ལེན། །འཕྲུལ་འཁོར་སྦྱོར་དང་དྲི་བ་དང་། །འཕོངས་དཔྱད་དངནི་ཆེ་སྦྱོར་སྒྲ། ཡི་གེ་དང་ནི་ཁ་སྐད་དང་། །རང་རང་བཟོ་དང་མཚོན་རྣམས་བརྟག། གཅོད་ཐབས་དང་ནི་སོག་ལེདང་། །ཕུབ་རྣམས་བསྐོར་བ་བྱེད་པ་དང་། །སོང་དང་འོང་བ་ཤེས་པ་དང་། །གའི་ཡི་མཚན་ཉིད་ཤེས་པ་དང་། །མདུང་དང་རྡོ་རྗེ་བརྟག་པ་དང་། །ཐབས་ཀྱིས་ཆོར་བའི་མཚན་ཉིད་དང་། །ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་། །སྟ་ར་རྟ་ཡི་བསྟན་འཆོས་ཤེས། །བཅིང་དང་ཁང་པ་བརྩེགས་མ་དང་། །དེ་བཞིན་གོས་ཀྱི་འཕང་བ་དང་། །ཡན་ལག་མཉེ་དང་མོའདེབས་དང་། །དེ་བཞིན་ཆུ་ཡི་ཀུན་འ། ཛིན་དང་། །དུང་གི་སྒྲ་དང་སྡེབ་སྦྱོར་དང་། །གྲོང་རྡལ་དང་ནི་གླེག་འདྲ་དང་། །མཚན་མོ་ཆོས་རྐུན་ཤེས་པ་དང་། །སྒྲ་དང་ས་རྟོག་བྱེད་པདང་། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོའི་མཚནཉིད་གར་སློབ་དང་། །འབྱུང་པོ་དག་ནི་གསོ་བ་དང་། ཟངས་མ་འཁར་བ་གསེར་དག་དང་། །ཤིང་དང་དུང་དང་ཤེས་པ་དང་། །རི་མོ་མཚོན་དང་གོས་དག་གི། ལས་རྣམས་དེ་དག་གོ་རིམ་བཞིན། །སྐར་མའི་གཏན་ཚིགས་ཤེས་པདང་། །ཡ་མཚན་མི་ཤེས་པ་ཉིད་དང་། ངེས་པའི་ཚིག་གི་གཞུང་རྣམས་ཀྱིས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིར་དྲན། ཞེས་པའི་སྡོམ་ལྟར་དང་། ཡང་བཟོ་ལ་སོགས་པར་གཏོགས་པའི་ཡི་གེལག་རྩིས། གྲངས། རྩིས་ཆེན། ཐོར་ཚུགས། གོམ་སྟབས། ལུགས་ཀྲུས་བསྒྱུར་ཐབས། རལ་གྲིའི་ཐབས། ཞགས་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུབསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་པ། དབུག་པ། རྒྱང་ནས་འཕོག་པ། སྐྲ་ལྤགས་པར་འཕོག་པ། གནད་དུ་འཕོག་པ། མི་འཆོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོངས་པ། གྱད་ཀྱི་འཛིང་སྟངས། བང་རྐྱལ་བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ་གཞུགྱད་སྟོབས་དང་སུམ་ཅུ། རོལ་མོའི་བྱེ་བྲག་གར་མཁན། བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྫ་རྔ་ཆེན་པོ། འཁར་རྔ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་ཁྲོལ། པི་ཝང་རྒྱུད་གསུམ་པ། རྔ་མུ་ཀུརྫ། སིལ་སྙན། གླུ་དབྱངས་དང་བསྟུན་པ། ཕེག་རྡོབ། གཞན་ཡང་རོལ་མོའི་སྒྲའི་རིགས། པི་ཝངསྤྱིའི་རིགས། གླིང་བུ་དང་བཅོ་བརྒྱད། གླུ་དབྱངས་བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་པ། བློགསལ། འཁོར་ཉན་དང་བདུན། གར་གྱི་ཆ་བྱད་སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིཀས་རུང་། སྙིང་རྗེ། རྔམ་པ། ཞི་བ་དང་དགུ་སྟེ་རེ་དྲུག་བཤད། ཡང་མདོ་བསྟན་བཅོས་ལས་ཕྲན་སྣ་ཚོགསགསུངས་པའང་དེ་དག་ཏུ་འདུའོ། ཡ་རྒྱལ་རིགས་ཀྱིགནས་རྩལ་གཞན་ཡང་ཡོད་དེ། གླང་ཆེན་གཉའ་ཞོནདང་། རྟ་ལ་ཞོན་པ། ཤིང་རྟའི་འཐབ། རལ་གྲིའིའཐབ། འཕོང་དང་ཕྱིར་བསྒྱུར་བ། ལྕགས་ཀྱུའི་སྒྱུ་ཐབས། ཞགས་པས་གདབ་པ། མདའ་བོ་ཆེ་འཕེན་ཐབས། འཇོང་སྟབས། གོམས་སྟབས། ཐོར་ཚུགས། བཅད་པ། །དྲལ་བ། འཕུག་པ། ཡང་མདོ་རྒྱ་ཆེན་རོལ་པར་མཆོད་ཡི་སྣྲི་གེ་ལག་རྩེ་ནས་བཟུང་སྟེ་སྤོས། སྦྱར་བའི་བར་གོ་བརྒྱད་གསུངས་པའང་སྔ་མ་རེ་དྲུག་ཏུ་བསྡུའོ། །

language:
Tibetan

2. Thupten Phuntsok Dictionary

ལུས་ཕྲན་ཚེགས་འགྲེལ་པར། རོལ་མོའི་མཚན་ཉིད་སྒྱུ་མ་དང་། ། འགྱེད་སྟོབས་དང་ནི་མེ་ཏོག་ལས། ། དམག་རྣམས་དང་ནི་བདག་ཉིད་ཤེས། ། གཡོས་སུ་བྱ་བ་རྣམ་པར་ངེས། ། ཚོང་དང་ནོར་ནི་བསྒྱུར་བ་དང་། །རྒྱན་དང་ཡིག་རྩིས་བཅུད་ཀྱི་ལེན། །འཕྲུལ་འཁོར་སྦྱོར་དང་དྲི་བ་དང་། ། འཕོངས་དཔྱད་དང་ནི་ཆེ་སྦྱོར་སྒྲ། ཡི་གེ་དང་ནི་ཁ་སྐད་དང་། ། རང་རང་བཟོ་དང་མཚོན་རྣམས་བརྟག ། གཅོད་ཐབས་དང་ནི་སོག་ལེ་དང། །ཕུབ་རྣམས་བསྐོར་བ་བྱེད་པ་དང་། །སོང་དང་འོང་བ་ཤེས་པ་དང་། ། གཞི་ཡི་མཚན་ཉིད་ཤེས་པ་དང་། །མདུང་དང་རྡོ་རྗེ་བརྟག་པ་དང་། །ཐབས་ཀྱིས་ཚོར་བའི་མཚན་ཉིད་དང་། །ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་། །བྷ་ར་རྟ་ཡི་བསྟན་འཆོས་ཤེས། །བཅིང་དང་ཁང་པ་བརྩེགས་མ་དང་། །དེ་བཞིན་གོས་ཀྱི་འཕང་བ་དང་། ། ཡན་ལག་མཉེ་དང་མོ་འདེབས་དང་། །དེ་བཞིན་ཆུ་ཡི་ཀུན་འཛིན་དང་། །དུང་གི་སྒྲ་དང་སྡེབ་སྦྱོར་དང་། །གྲོང་རྡལ་དང་ནི་གླག་འདྲ་དང་། །མཚན་མོ་ཆོས་རྐུན་ཤེས་པ་དང་། །སྒྲ་དང་ས་རྟོག་བྱེད་པ་དང་། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོའི་མཚན་ཉིད་གར་སློབ་དང་། །འབྱུང་པོ་དག་ནི་གསོ་བ་དང་། །ཟངས་མ་འཁར་བ་གསེར་དག་དང་། །ཤིང་དང་དུང་དང་ཤེས་པ་དང་། །རི་མོ་མཚོན་དང་གོས་དག་གི །ལས་རྣམས་དེ་དག་གོ་རིམ་བཞིན། །སྐར་མའི་གཏན་ཚིགས་ཤེས་པ་དང་། །ཡ་མཚན་མི་ཤེས་པ་ཉིད་དང་། །ངེས་པའི་ཚིག་གི་གཞུང་རྣམས་ཀྱིས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིར་དྲན། ། ཞེས་པའི་སྡོམ་ལྟར་དང་། ཡང་བཟོ་ལ་སོགས་པར་གཏོགས་པའི་ཡི་གེ ལག་རྩིས། གྲངས། རྩིས་ཆེན། ཐོར་ཚུགས། གོམ་སྟབས། ལུགས་བཀྲུས་བསྒྱུར་ཐབས། རལ་གྲིའི་ཐབས། ཞགས་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་པ། དབུག་པ། རྒྱང་ནས་འཕོག་པ། སྐྲ་ལྤགས་པར་འཕོག་པ། གནད་དུ་འཕོག་པ། མི་མཆོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོངས་པ། གྱད་ཀྱི་འཛིང་སྟངས། བང་རྐྱལ་བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ་གཞུ། གྱད་སྟོབས་དང་སུམ་ཅུ། རོལ་མོའི་བྱེ་བྲག་གར་མཁན། བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྫ་རྔ་ཆེན་པོ། འཁར་རྔ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་ཁྲོལ།པི་ཝང་རྒྱུད་གསུམ་པ། རྔ་མུ་ཀུནྡ། སིལ་སྙན། གླུ་དབྱངས་དང་བསྟུན་པ། ཕེག་རྡོབ། གཞན་ཡང་རོལ་མོའི་སྒྲའི་རིགས། པི་ཝང་སྤྱིའི་རིགས། གླིང་བུ་དང་བཅོ་བརྒྱད། གླུ་དབྱངས་བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་དང་བདུན། གར་གྱི་ཆ་བྱད་སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིགས་རུང་། སྙིང་རྗེ། རྔམ་པ། ཞི་བ་དང་དགུ་སྟེ་རེ་དྲུག་བཤད། ཡང་མདོ་བསྟན་བཅོས་ལས་ཕྲན་སྣ་ཚོགས་གསུངས་པའང་དེ་དག་ཏུ་འདུའོ། །ཡ་རྒྱལ་རིགས་ཀྱི་གནས་རྩལ་གཞན་ཡང་ཡོད་དེ། གླང་ཆེན་གཉའ་ཞོན་དང་། རྟ་ལ་ཞོན་པ། ཤིང་རྟའི་འཐབ། རལ་གྲིའི་འཐབ། འཕོང་དང་ཕྱིར་བསྒྱུར་བ། ལྕགས་ཀྱུའི་སྒྱུ་ཐབས། ཞགས་པས་གདབ་པ། མདའ་བོ་ཆེ་འཕེན་ཐབས། འཇོང་སྟབས། གོམས་སྟབས། ཐོར་ཚུགས། བཅད་པ། དྲལ་བ། འཕུག་པ། ཡང་མདོ་རྒྱ་ཆེན་རོལ་པར་མཆོད་ཡི་གེ་ལག་རྩེ་ནས་བཟུང་སྟེ་སྤོས་སྦྱར་བའི་བར་གོ་བརྒྱད་གསུངས་པའང་སྔ་མ་རེ་དྲུག་ཏུ་བསྡུའོ། །

language:
Tibetan