Skip to main content Skip to search
skyes bu gsum gyi nyams su blang ba'i rim pa
ID:
T224492
  • སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བའི་རིམ་པ (Tibetan, Tibetan script, Original)
    • > skyes bu gsum gyi nyams su blang ba'i rim pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyebu sum gyi nyam su langwé rimpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཚེའདི་སྣང་གི་བྱ་གཞག་ལ་ཞེན་པ་བཟློག་ཐབས་སུ་དལའབྱོར་དོན་ཆེ་བ་དང་། རྙེད་དཀའ་བ། ཚེ་འདིར་རིང་དུ་མི་གནས་པར་ངེས་པར་འཆི་བ་དང་། ནམ་འཆི་ལ་ངེས་པ་མེད་པ་བཅས་བསམས་པ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དང་། ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་དང་། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་ངེས་པ་དང་། རྒྱུ་དགེ་སྡིག་གཉིས་ཆུང་ངུ་ཞིག་ལས་འབྲས་བུ་ཆེན་པོ་འབྱུང་བ། རྒྱུ་དགེ་སྡིགགཉིས་གང་ཡང་མ་བྱས་ན་འབྲས་བུ་བདེ་སྡུག་གཉིས་གང་ཡང་འབྱུང་མི་སྲིད་པ། རྒྱུ་དགེ་སྡིག་གཉིས་གང་བྱས་ཀྱང་འབྲས་བུ་བདེ་སྡུག་གཉིས་སུ་འགྱུར་རྒྱུ་ཆུད་ཟོས་སུ་འགྲོ་མི་སྲིད་པ་བཅས་ལས་འབྲས་བསླུ་བ་མེད་པ་དང་། འཁོརབའི་གནས་སུ་སྐྱེ་བ་བླངས་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ཁོ་ན་མ་གཏོགས་འགྱུར་བ་མེད་པའི་གཏན་གྱི་བདེ་བ་ཐོབ་མི་སྲིད་པར་བརྟེན། འཁོར་བ་ནས་ཐར་བའིཐབས་ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱ་དགོས་པབཅས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དང་། དེནས་རྒྱུ་འབྲས་མན་ངག་བདུན་དང་། བདག་གཞནམཉམ་བརྗེའི་བློ་སྦྱོང་ཚུལ་གཉིས་ཟུང་འབྲེལ་གྱི་སྒོ་ནསརང་གཅེས་འཛིན་མེད་པར་བཟོས་སྟེ། བྱང་ཆུབ་ཀྱིསེམས་རྒྱུད་ལ་སྐྱེ་བའི་འབད་བརྩོན་བྱ་དགོས་པ་ནི་སྐྱེས་བུ་ཆེན་པོའི་ལམ་དངོས་གཞི་ཡིན།

language:
Tibetan

2. Thupten Phuntsok Dictionary

ཚེ་འདི་སྣང་གི་བྱ་གཞག་ལ་ཞེན་པ་བཟློག་ཐབས་སུ་དལ་འབྱོར་དོན་ཆེ་བ་དང་། རྙེད་དཀའ་བ། ཚེ་འདིར་རིང་དུ་མི་གནས་པར་ངེས་པར་འཆི་བ་དང་། ནམ་འཆི་ལ་ངེས་པ་མེད་པ་བྱས་ཉེས་བསགས་པ་བསམས་པ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དང་། ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་དང་། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་ངེས་པ་དང་། རྒྱུ་དགེ་སྡིག་གཉིས་ཆུང་ངུ་ཞིག་ལས་འབྲས་བུ་ཆེན་པོ་འབྱུང་བ། རྒྱུ་དགེ་སྡིག་གཉིས་གང་ཡང་མ་བྱས་ན་འབྲས་བུ་བདེ་སྡུག་གཉིས་གང་ཡང་འབྱུང་མི་སྲིད་པ། རྒྱུ་དགེ་སྡིག་གཉིས་གང་བྱས་ཀྱང་འབྲས་བུ་བདེ་སྡུག་གཉིས་སུ་འགྱུར་རྒྱུ་ཆུད་ཟོས་སུ་འགྲོ་མི་སྲིད་པ་བཅས་ལས་འབྲས་བསླུ་བ་མེད་པ་དང་། འཁོར་བའི་གནས་སུ་སྐྱེ་བ་བླངས་ཀྱང་ཕྱི་ཆས་སྡུག་བསྔལ་གྱི་རང་བཞིན་ཁོ་ན་མ་གཏོགས་འགྱུར་བ་མེད་པའི་གཏན་གྱི་བདེ་བ་ཐོབ་མི་སྲིད་པར་བརྟེན། འཁོར་བ་ནས་ཐར་བའི་ཐབས་ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱ་དགོས་པ་བཅས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དང་། བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་གཉིས་ཟུང་འབྲེལ་གྱི་སྒོ་ནས་རང་གཅེས་འཛིན་མེད་པར་བཟོས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་འབད་བརྩོན་བྱ་དགོས་པ་ནི་སྐྱེས་བུ་ཆེན་པོའི་ལམ་དངོས་གཞི་ཡིན།

language:
Tibetan