Skip to main content Skip to search
skyo ston smon lam tshul khrims
ID:
T224502
  • སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས (Tibetan, Tibetan script, Original)
    • > skyo ston smon lam tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyo tön mönlam tsultrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྣར་ཐང་གི་མཁན་རབས་བརྒྱད་པ་ཡིན། གཙང་རྟ་ནག་ཡང་ཡུལ་དུ་རབ་བྱུང་བཞི་པའི་ས་ཡོས(༡༢༡༩)ལོར་འཁྲུངས། ཆུང་དུས་སྣར་ཐང་དུ་ཆོས་སྒོར་ཞུགས་ཏེ་སངས་རྒྱས་སྒོམ་པ་དང་མཆིམས་ནམ་མཁའ་གྲགས་གཉིས་ཀྱི་དྲུང་ནས་བཀའ་གདམས་ཀྱི་ཆོས་སྐོར་ཆ་ཚང་བར་གསན། མཆིམས་ནམམཁའ་གྲགས་སྐུ་གཤེགས་པའི་རབ་བྱུང་ལྔ་པའི་ཤིང་བྱ(༡༢༨༥)ལོ་ནས་ལོ་བཅོ་ལྔའི་རིང་སྣར་ཐང་གི་གདན་ས་མཛད་དེ། དེའི་རིང་སྣར་ཐང་གི་ལྕགས་རི་ཆེན་མོ་དངགཙུག་ལག་ཁང་ཆེན་མོ་བཞེངས། དགུང་ལོ་གྱ་གཅིག་པ་རབ་བྱུང་ལྔ་པའི་ས་ཕག(༡༣༩༩)ལོར་སྐུ་གཤེགས། དམ་པ་འདིའི་རྣམོ་ཐར་སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་མཛད་པའི་བྲིས་མ་དཔེ་འབྲིང་ཤོག་གྲངས་༥༦ཡིན་པ་ཞིག་ཡོད་པ་དེར་གཟིགས། ལས་ཆེན་ཀུནདགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོསའབྱུང་ཆེན་མོ》དཔར་མ་ཤོག་གྲངས༢༥༥བ༤པར་སྐྱོ་སྟོན་འདིའི་དགུང་རྙིང་བྱི་བ་ཡིན་པར་གསུངས་ཀྱང་ལོ་ཁམསམི་གསལ།

language:
Tibetan

2. Thupten Phuntsok Dictionary

སྣར་ཐང་གི་མཁན་རབས་བརྒྱད་པ་ཡིན། གཙང་རྟ་ནག་ཡང་ཡུལ་དུ་རབ་བྱུང་བཞི་པའི་ས་ཡོས (༡༢༡༩) ལོར་འཁྲུངས། ཆུང་དུས་སྣར་ཐང་དུ་ཆོས་སྒོར་ཞུགས་ཏེ་སངས་རྒྱས་སྒོམ་པ་དང་མཆིམས་ནམ་གྲགས་གཉིས་ཀྱི་དྲུང་ནས་བཀའ་གདམས་ཀྱི་ཆོས་སྐོར་ཆ་ཚང་བར་གསན། མཆིམས་ནམ་མཁའ་གྲགས་སྐུ་འདས་པའི་རབ་བྱུང་ལྔ་པའི་ཤིང་བྱ་ (༡༢༨༥) ལོ་ནས་ལོ་བཅོ་ལྔའི་རིང་སྣར་ཐང་གི་གདན་ས་མཛད་དེ། དེའི་རིང་སྣར་ཐང་གི་ལྕགས་རི་ཆེན་མོ་དང་གཙུག་ལག་ཁང་ཆེན་མོ་བཞེངས། དགུང་ལོ་གྱ་གཅིག་པ་རབ་བྱུང་ལྔ་པའི་ས་ཕག (༡༣༩༩) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཞི་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ 1219 ལོར་གཡས་རུའི་བྱང་གི་རྟ་ནག་ཡང་ཡུལ་དུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1299 ལོར་སྐུ་གཤེགས། མཁན་པོ་མཆིམས་ནམ་མཁའ་གྲགས་པའི་མདུན་ལས་བཀའ་གདམས་ཀྱི་གདམ་པ་མ་ལུས་[130]པ་གསན། འདི་བས་ཉི་མ་མིག་གིས་མ་མཐོང་བར་ལོ་ངོ་བཅུ་གཅིག་གི་རིང་དུ་ཕྱག་ན་རྡོ་རྗེའི་བསྙེན་པ་མཛད་པས་མཐུ་སྟོབས་ཤིན་ཏུ་ཆེ་བས་གཞན་གྱི་ནད་གདོན་སོགས་སེལ་བའི་ལོ་རྒྱུས་མང་དུ་མཆིས། བླ་མ་འདི་ཕྱག་ན་རྡོ་རྗེ་དང་། སངས་རྒྱས་སྒོམ་པ་སེང་གེ་སྐྱབས་སྤྱན་རས་གཟིགས། མཆིམས་ནམ་མཁའ་གྲགས་པ་འཇམ་པའི་དབྱངས་ཏེ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་དུ་གྲགས། ཁོང་གིས་ཕར་ཕྱིན་གྱི་འགྲེལ་བ་ཞིག་ཀྱང་མཛད་ཅིང་སྣར་ཐང་གི་གཙུག་ལག་ཁང་ཆེན་མོ་དང་། ཕྱིའི་ལྕགས་རི་ཆེན་མོ་ཡང་བཞེངས། འབྲོམ་ཀུ་མ་ར་མ་ཏི་དང་། བཅོམ་ལྡན་རིག་པའི་རལ་གྲི་ཡང་ཁོང་གི་སློབ་མར་གྱུར། སྣར་ཐང་གི་གདན་ས་ལོ་ངོ་བཅུ་གཉིས་རིང་དུ་མཛད། ཁོང་གི་གདུང་རྟེན་ནི་ནུབ་ནས་བརྩིས་པའི་དྲུག་པ་ན་བཞུ་གས་སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་བརྒྱད་པ་ཡིན།།

language:
Tibetan