Skip to main content Skip to search
skyo 'od 'byung
ID:
T224506
  • སྐྱོ་འོད་འབྱུང (Tibetan, Tibetan script, Original)
    • > skyo 'od 'byung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyo ö jung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྐྱོ་འོད་ཀྱི་འབྱུང་གནས་ཞེས་དུས་རབས་བཅུ་གཅིག་པ་རབ་བྱུང་དང་པོའི་དཀྱིལ་ཙམ་ལ་བྱོན་པ་ཞིག་ཡིན། རྒྱ་གར་གྱི་གྲུབ་ཆེན་ཨ་མོ་གྷ་བཛྲ་ཆུང་བའི་སློབ་མ་ཡིན། འཁྲུངས་ཡུལ་གཙང་གི་པ་རྣམ་ཉ་ཚན་ཕུག་ཡིན་ཞིང་། མངོན་པ་ཚད་མ་ཕྱོགས་ཙམ་མཁྱེན་ཅིང་། གསང་སྔགས་སྔ་འགྱུར་གྱི་སྒྱུ་འཕྲུལ་སྐོར་པར་མཁྱེན་པའི་གྲྭ་གཞོན་འབྱོར་པ་ཆེ་བ་ཞིག་ཡིན། རང་ཡུལ་གྱི་ཚན་ཕུག་ཏུ་སྒོམ་སྒྲུབ་གནང་སྟེ་བཞུགས་སྐབས་ཡབ་ཀྱི་སྤུན་མཆེད་ཅིག་གི་ས་ཞིང་འཚོང་བ་དེ་ཉོས་ཏེ་དེར་དགོན་པ་བཏབ་པའི་མིང་ལ་པ་ཚབ་ཉི་མ་ལྡེ་ཞེས་གྲགས།

language:
Tibetan