Skip to main content Skip to search
skyor chings
ID:
T224542
  • སྐྱོར་ཆིངས (Tibetan, Tibetan script, Original)
    • > skyor chings (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyor ching (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

པུས་མོའི་ཚིགས་ལ་ཆིངས་བྱ་ཚུལ་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། སྐྱོར་ཆིངས་ནི། སྣལ་མ་ལྷ་ངའི་སྟེང་དུ་ཁྲིད་ཅིང་དཀྲིས་ལ་སྟོད་མིག་གཉིས་བྱ། དེ་ལ་སྒབ་ཁུང་ནས་སྐོར་གྱིན་སྟོད་མིག་ལ་གཡས་སྐོར་གཡོན་སྐོར་གཉིས་བྱ། དེ་ནས་སྟོད་མིག་གཉིས་ཀྱི་བར་དུ་རྒྱ་གྲམ་དུ་གཤགས། དེ་ནས་བརླ་དང་བྱིན་པའི་དཀྲིས་པ་རེ་དང་ལྷ་ངའི་གཡས་གཡོན་བསྐོར་སྒྱིད་ཁུང་དུ་ཐུག་པར་བཅིང་བ་དང་། གཞུག་ཏུ་སྟོད་སྨད་གཉིས་ཀྱི་བར་རྒྱ་གྲམ་ཐེབ་གཅིག་འོང་བར་བཅིང་ངོ་། ཞེས་གསུངས་པ་ལྟར་རོ། །

language:
Tibetan