Skip to main content Skip to search
skrag med nyi shar
ID:
T224555
  • སྐྲག་མེད་ཉི་ཤར (Tibetan, Tibetan script, Original)
    • > skrag med nyi shar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trakmé nyishar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཞི་བདག་སྐྲག་མེད་ཉི་ཤར་རམ། རྩ་རིའི་ཞིང་སྐྱོང་བདུད་མགོན་སེང་གེའི་གདོང་ཅན་ཞེས་མིང་གི་རྣམ་གྲངས་ཡིན་ཅིང་། མི་ནག་སེང་གེའི་གདོང་ཅན་རྟ་ནག་ལ་བཞོན་པ། གཡས་པས་མདུང་དང་གཡོན་པསཐོད་པ་འཛིན་པ་ཞིག་སྐྲའི་ལན་ཚར་མདུན་དུ་འཕྱང་བ་རྒྱབ་ཏུ་སྐྱུར། སྐབས་འདིའི(སྐབས་འདི་ཞེས་པ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༡ལོའི་ཟླ༥པར་དཔར་སྐྲུན་བྱས་པའི《མི་དབང་རྟོགས་བརྗོད》ལྕགས་དཔར་མ་ཤོག་གྲངས་༤༨༧པའི་ཐོག་ལི་ཚིང་བཱ་ཐུར་གྱིས་སྐྲའི་ལན་ཚར་མདུནདུ་འཕྱང་བ་རྒྱབ་ཏུ་སྐྱུར་ཞིངཞེས་པ་དེར་གོ་དགོས)གོ་དོན་ངོ་མ་ནི། བཀའ་བློན་གཙོ་བོའི་འགན་ཁུར་མཁན་དའི་ཆིང་སྦ་དུར་གྱིས་སྐྲའི་ལན་ཚར་སྟེ་ལྕང་ལོ་མདུན་དུའཕྱང་ནས་ཨམ་བན་ལ་གུས་འདུད་ཀྱི་རྣམ་འགྱུར་སྟོན་བེཞིན་པའི་ངང་ནས་ལྕང་ལོ་ལྟག་རྒྱབ་ཏུ་བསྐྱུར་བའི་དོན་ཡིན་འདུགའོན་ཀྱང་སྐབས་དེར་བཀའ་བློན་རྣམས་ལ་སྐྲ་ལྕོག་མེད་པ་ཡིན་ནམ། སྐྲ་ལྕོག་ཡོད་ན་སྐྲའི་ལན་ཚརམདུན་དུ་འཕྱང་རྒྱུ་དང་། རྒྱབ་ཏུ་བསྐྱུར་རྒྱུ་ཞིག་ཡོང་མི་སྲིད་པས་གང་ཡིན་དཔྱད་པར་ཞུ།

language:
Tibetan

2. Thupten Phuntsok Dictionary

གཞི་བདག་སྐྲག་མེད་ཉི་ཤར་རམ། རྩ་རིའི་ཞིང་སྐྱོང་བདུད་མགོན་སེང་གེའི་གདོང་ཅན་ཞེས་མིང་གི་རྣམ་གྲངས་ཡིན་ཅིང་། མི་ནག་སེང་གེའི་གདོང་ཅན་རྟ་ནག་ལ་བཞོན་པ། མདུང་དང་མི་མགོ་གློན་པས་ཐོད་པ་འཛིན་པ་ཞིག

language:
Tibetan