- skran nad gnas bcu gcig
- ID:
- T224563
- སྐྲན་ནད་གནས་བཅུ་གཅིག (Tibetan, Tibetan script, Original)
- > skran nad gnas bcu gcig (Tibetan, Latin script, Transliteration-THL Extended Wylie Transliteration)
- > tren né né chuchik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ (ཟས་སྐྲན) ཕོ་བ་དང་ལོང་གི་གནས་སུ་འབྱུང་། ༢ (ལྷེམ་སྐྲན) ཕོ་བའི་གནས་སུ་འབྱུང་། ༣ (རྡོ་སྐྲན) ཕོ་བ་དང་ལྒང་པའི་གནས་སུ་འབྱུང་། ༤ (ལྷིང་སྐྲན) ཕོ་བ་དང་། ལོང་དང་། མངལ་དུ་གནས་སོ། ༥ (ཁྲག་སྐྲན) ཕོ་བ་དང་། ལོང་དང་། མཆིན་པ། མཆེར་པ། མངལ་བཅས་སུ་གནས། ༦ (མཁྲིས་སྐྲན) མཁྲིས་པ་དང་། རྒྱུ་མའི་ནང་དུ་གནས། ༧ (རྩ་སྐྲན) ཕོ་བ་དང་། མཁལ་མ། མཆིན་དྲི། རྒྱུ་གྲོགས་རྩ་རྣམས་ཀྱི་གནས་སུ་མང་ངོ་། ༨ (སྤུ་སྐྲན) ཕོ་བ་དང་། ལོང་། རྒྱུ་མ། ལྒང་པ་བཅས་ཀྱི་གནས་སུ་འབྱུང་། ༩ (སྲིན་སྐྲན) ཕོ་བ་དང་། ལོང་ཀའི་གནས་སུ་འབྱུང་། ༡༠ (ཆུ་སྐྲན) ལུས་ཀྱི་གནས་ངེས་མེད་གང་ལའང་འབྱུང་སྲིད་དེ། ཕལ་ཆེར་གློ་བ་དང་། མཆིན་པ། རྒྱུ་མ། ལོང་རྣམས་ཀྱི་བར་དུ་འབྱུང་བ་མང་ངོ་། ༡༡ (རྣག་སྐྲན) གནས་གར་ཡོང་ངེས་པར་མེད་དོ། མདོར་བསྡུས་ན། ཕྱི་སྐྲན་ནི་སྟོད་ཀྱི་ཕྱི་དང་ཤ་པགས་བར་ན་འབྱུང་། བར་སྐྲན་ནི་སྣོད་དྲུག་གི་ནང་ལྡེབས་དང་། དོན་ལྔའི་ལོགས་ན་འབྱུང་ངོ་། ནང་སྐྲན་ནི་དོན་སྣོད་ཀུན་གྱི་གཏིང་ན་འབྱུང་ཞིང་ཡོད་པ་རེད།
- language:
- Tibetan