- bskyed rim gyi bsnyen sgrub yan lag bzhi
- ID:
- T224661
- བསྐྱེད་རིམ་གྱི་བསྙེན་སྒྲུབ་ཡན་ལག་བཞི (Tibetan, Tibetan script, Original)
- > bskyed rim gyi bsnyen sgrub yan lag bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyerimgyi nyendrup yenlak zhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གསང་སྔགས་བླ་མེད་རྒྱུད་ཀྱི་ཡི་དམ་སོ་སོའི་བསྐྱེད་རིམ་གྱི་ཆིངས་བྱེད་ཚུལ་མི་འདྲ་བ་ཡོད་པའི་ནང་ནས་གསང་བ་འདུས་པ་ལ་མཚོན་ན་བསྙེན་སྒྲུབ་ཡན་ལག་བའི་སྟེ། ༡་བསྙེན་པ། ༢ཉེར་སྒྲུབ། ༣་སྐྲུབ་པ། ༤སྒྲུབ་ཆེན་བཅས་ཡིན། དང་པོ་བསྙེན་པ་ནི་ཡེ་ཤེས་ཀྱི་ས་བསྒོམ་པ་ནས་ལྷག་མོས་འོད་གསལ་དུ་བསྡུས་པའི་བར་ཡིན། གཉིས་པ་ཉེར་སྒྲུབ་ནི་གོང་གི་མཚམས་ནས་ལུས་ཀྱིས་བསྒོམས་པའི་བར་ཡིན། གསུམ་པ་སྒྲུབ་པ་ནི་སྐོ་གསུམ་བྱིན་བརླབས་ནས་རིགས་བདག་གེས་རྒྱས་འདེབས་པའི་བར་ཡིན། བཞི་པ་སྒྲུབ་ཆེན་ནི་གོང་གི་མཚམས་ནས་མཇུག་རྫོགས་པའི་བར་ཡིན་པ་བཅས་ཡིན་ཞིང་། ཞིབ་པར་《གསང་བ་འདུས་པའི་བསྐྱེད་རིམ་གྱི་ཁྲིད་ཡིག》རྒྱས་པ་རྣམས་ལས་གསལ།
- language:
- Tibetan
2. Thupten Phuntsok Dictionary
གསང་སྔགས་བླ་མེད་རྒྱུད་ཀྱི་ཡི་དམ་སོ་སོའི་བསྐྱེད་རིམ་གྱི་ཆིངས་བྱེད་ཚུལ་མི་འདྲ་བ་ཡོད་པའི་ནང་ནས་གསང་འདུས་པ་ལ་མཚོན་ན་བསྙེན་སྒྲུབ་ཡན་ལག་བཞི་སྟེ། ༡ བསྙེན་པ། ༢ ཉེར་སྒྲུབ། ༣ སྒྲུབ་པ། ༤ སྒྲུབ་ཆེན་བཅས་ཡིན། །
- language:
- Tibetan