- bskyed rim mthar phyin pa
- ID:
- T224663
- བསྐྱེད་རིམ་མཐར་ཕྱིན་པ (Tibetan, Tibetan script, Original)
- > bskyed rim mthar phyin pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyerim tarchinpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བསྐྱེད་རིམ་མཐར་ཕྱིན་པ་ལ་ནང་གསེས་དབྱེ་བ་ཕྱེ་ན་གཉིས་སྟེ། ༡་བསྐྱེད་རིམ་རགས་པ་མཐར་ཕྱིན་པ་དང་། ༢་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་གཉིས་ཡོད། བསྐྱེད་རིམ་རགས་པ་མཐར་ཕྱིན་པ་ནི་རགས་པའི་རྟེན་དང་བརྟེན་པ་རྣམས་གསལ་བཏབ་པའི་ཚེ་དེའི་ཆ་ཐམས་ཅད་མ་འདྲེས་པར་གསལ་སིང་ངེ་ཤར་ཞིང་། བྱིང་རྒོད་གཉིས་ཀྱི་སྐྱོན་དང་བྲལ་བར་ཉིན་ཞག་གཅིག་གི་དྲུག་ཆ་འཁྱོལ་ཐུབ་པ་ནི་བསྐྱེད་རིམ་རགས་པ་བརྟན་པའི་ཚད་ཡིན་པ་དང་། དེ་ལྟ་བུའི་སྒོ་ནས་ལོ་དང་ཟླ་བ་སོགས་རང་ཉིད་ཇི་ཙམ་འདོད་ཀྱི་བར་འཇོག་ཐུབ་པ་ནི་བསྐྱེད་རིམ་རགས་པ་མཐར་ཕྱིན་པའི་ཚད་ཡིན། བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པའི་ཚད་ནི་རགས་པའི་རྟེན་དང་བརྟེན་པ་ཙམ་མ་ཡིན་པར་ཐིག་ལེ་ཡུངས་འབྲུ་ཙམ་གྱི་ནང་དུ་རྟེན་དང་བརྟེན་པའི་བཀོད་པ་ཆ་ཚང་བར་འཆར་ཞིང་བྱིང་རྒོད་གཉིས་ཀྱི་སྐྱོན་དང་བྲལ་བར་ཉིན་ཞག་གཅིག་གི་དྲུག་ཆ་འཁྱོལ་ཐུབ་པ་ནི་བསྐྱེད་རིམ་ཕྲ་མོ་བརྟན་པའི་ཚད་ཡིན་པ་དང་། དེ་ལྟ་བུའི་སྒོ་ནས་ལོ་དང་ཟླ་བ་སོགས་རང་ཉིད་ཇི་ཙམ་འདོད་ཀྱི་བར་དུ་འཇོག་ཐུབ་པ་ནི་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པའི་ཚད་ཡིན།
- language:
- Tibetan
2. Thupten Phuntsok Dictionary
བསྐྱེད་རིམ་མཐར་ཕྱིན་པ་ལ་ནང་གསེས་དབྱེ་བ་ཕྱེ་ན་གཉིས། ༡ བསྐྱེད་རིམ་རགས་པ་མཐར་ཕྱིན་པ་དང་། ༢ བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་གཉིས་ཡོད། བསྐྱེད་རིམ་རགས་པ་མཐར་ཕྱིན་པ་ནི་རགས་པའི་རྟེན་དང་བརྟེན་པ་རྣམས་གསལ་བཏབ་པའི་ཚེ་དེའི་ཆ་ཐམས་ཅད་མ་འདྲེས་པར་གསལ་སིང་ངེ་ཤར་ཞིང་། བྱིང་རྒོད་གཉིས་ཀྱི་སྐྱོན་དང་བྲལ་བར་ཉིན་ཞག་གཅིག་གི་དྲུག་ཆ་འཁྱོལ་ཐུབ་པ་ནི་བསྐྱེད་རིམ་རགས་པ་བརྟན་པའི་ཚད་ཡིན་པ་དང་། དེ་ལྟ་བུའི་སྒོ་ནས་ལོ་དང་ཟླ་བ་སོགས་རང་ཉིད་ཇི་ཙམ་འདོད་ཀྱི་བར་འཇོག་ཐུག་པ་ནི་བསྐྱེད་རིམ་རགས་པ་མཐར་ཕྱིན་པའི་ཚད་ཡིན། བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པའི་ཚད་ནི་རགས་པའི་རྟེན་དང་བརྟེན་པ་ཙམ་མ་ཡིན་པར་ཐིག་ལེ་ཡུངས་འབྲུ་ཙམ་གྱི་ནང་དུ་རྟེན་དང་བརྟེན་པའི་ཚད་པ་ཆ་ཚང་བར་འཆར་ཞིང་བྱིང་རྒོད་གཉིས་ཀྱི་སྐྱོན་དང་བྲལ་བར་ཉིན་ཞག་གཅིག་གི་དྲུག་ཆ་འཁྱོལ་ཐུབ་པ་ནི་བསྐྱེད་རིམ་ཕྲ་མོ་བརྟན་པའི་ཚད་ཡིན་པ་དང་། དེ་ལྟ་བུའི་སྒོ་ནས་ལོ་དང་ཟླ་བ་སོགས་རང་ཉིད་ཇི་ཙམ་འདོད་ཀྱི་བར་དུ་འཇོག་ཐུབ་པ་ནི་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པའི་ཚད་ཡིན།
- language:
- Tibetan