- kha gya dkon mchog dar rgyas
- ID:
- T224685
- ཁ་གྱ་དཀོན་མཆོག་དར་རྒྱས (Tibetan, Tibetan script, Original)
- > kha gya dkon mchog dar rgyas (Tibetan, Latin script, Transliteration-THL Extended Wylie Transliteration)
- > kha gya könchok dargyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་མཚན་སྙན་ཆེ་བ་ཞིག་ཡིན། རབ་བྱུང་བཅུ་ཀཉིས་པའི་ཆུ་ཁྱི(༡༧༤༢)ལོར་ཁ་གྱའི་དཔོན་རྒྱུད་དུ་སྐུ་འཁྲུངས་ཤིང༌། གཡུ་དགེ་བཤེས་ཀྱི་སྐྱེ་སྲིད་ཡིན་ཞེས་གྲགས། ཐོག་མར་ཁ་གྱ་དགོན་དུ་ཆོས་ཞུགས་མཛད་ཀྱང་ཡུན་རིང་མ་བཞུགས་པར་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་དེར་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་པ་གནང་སྟེ་དགེ་བཤེས་རྒན་གཞོན་ཚང་མས་ཁ་གྱ་དར་རྒྱས་ཞེས་བརྐའ་འདྲི་ཞུ་ཡུལ་དང་དོགས་གཅོད་ཞུ་ཡུལ་དུ་ཚད་མར་འཛིན་ཅིང༌། དགུང་ལོ་ཞེ་གསུམ་པ་ཤིང་འབྲུག་ལོར་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོས་རྡོ་རམས་པའི་མིང་བཏགས་ཀྱང་གྲྭ་ཐོག་གཅིག་པ་གཞན་ལས་སྔ་བར་གནང་སྟེ་དགེ་བཤེས་དམ་བཅའ་མིག་དཔེར་འོས་པ་འཇོག་གནང་མཛད། སྐྱབས་མཆོག་འཇིཀས་མེད་དབང་པོ་དབུས་གཙང་དུ་བྱོན་པའི་ཞབས་ཕྱིར་འཁྲིད་པ་གནང་བ་བཞིན་ཕེབས་ནས་ཀློང་རྡོལ་བླ་མ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན་ཏེ་ལོ་གསུམ་ལ་ཉེ་བར་བཞུགས། རབ་བྱུང་བཅུ་གསུམ་པའི་མེ་རྟ(༡༧༨༦)ལོར་མདོ་སྨད་-དུ་ཕེབས་རྗེས་རྒྱུད་སྨད་གྲྭ་ཚང་དུ་ལོ་གསུམ་གྱི་རིང་ཆོས་གྲྭ་འགྲིམས་ནས་སྔགས་རམས་པའི་དགེ་བཤེས་དམ་བཅའ་ཡང་འཇོག་པ་གནང༌། དོན་གཉེར་ཅན་གྱི་སློབ་མ་མང་པོར་འདོད་མོསདང་འཚམས་པའི་དཔེ་ཁྲིད་དང༌། སྐབས་མཚམས་ནམ་ཡོད་དུ་སྐུ་མཚམས་བཅད་རྒྱའི་ངང་དུ་བཞུགས། དགུང་ལོ་ང་བདུན་པ་ས་རྟ(༡༧༩༨)ལོར་དུས་འཁོར་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས་ནས་ལོ་ཤས་བར་འཛིན་སྐྱོང་གནང་ཞིང༌། དགུང་གྲངས་ཇི་ཙམ་བཞུགས་པའི་རྣམ་ཐར་ལོ་རྒྱུས་ད་ཕན་མ་མཐོང་ལགས།
- language:
- Tibetan
2. Thupten Phuntsok Dictionary
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་མཚན་སྙན་ཆེ་བ་ཞིག་ཡིན། རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི (༡༧༤༢) ལོར་ཁ་གྱའི་དཔོན་རྒྱུད་དུ་སྐུ་འཁྲུངས་ཤིང་། རབ་བྱུང་བཅུ་གསུམ་པའི་མེ་རྟ (༡༩༨༦) ལོར་མདོ་སྨད་དུ་ཕེབས་རྗེས་བླ་བྲང་དགོན་རྒྱུད་སྨད་གྲྭ་ཚང་དུ་ལོ་གསུམ་གྱི་རིང་ཆོས་གྲྭ་འགྲིམས་ནས་སྔགས་རམས་པའི་དགེ་བཤེས་དམ་བཅའ་ཡང་འཇོག་པ་གནང་། དོན་གཉེར་ཅན་གྱི་སློབ་མ་མང་པོར་འདོད་མོས་དང་འཚམས་པའི་དཔེ་ཁྲིད་དང་། སྐབས་མཚམས་ནམ་ཡོད་དུ་སྐུ་མཚམས་བཅད་རྒྱའི་ངང་དུ་བཞུགས། དགུང་ལོ་ང་བདུན་པ་ས་རྟ (༡༧༩༨) ལོར་དུས་འཁོར་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས་ནས་ལོ་ཤས་བར་འཛིན་སྐྱོང་གནང་བའོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1742 ལོར་མདོ་སྨད་ཁ་གྱའི་དཔོན་རྒྱུད་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཁ་གྱ་དགོན་དུ་མཚན་ཉིད་ཀྱི་ཆོས་གྲྭར་ཅུང་ཟད་ཕེབས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲོས་སྟབས་སུ་བྱོན། དགུང་ལོ་ཞེ་བཞི་བར་དུ་བཀྲ་ཤིས་འཁྱིལ་ནས་གཡེང་བ་ཅུང་ཟད་མེད་པར་བཀའ་པོད་ལྔའི་གཞུང་ལ་སློབ་གཉེར་ནན་ཏན་དུ་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར་ཞིང་རྡོ་རམས་པའི་མཚན་བཏགས་བཞེས། ཀུན་མཁྱེན་འཇིགས་མེད་དབང་པོའི་ཞབས་ཕྱིར་དབུས་གཙང་དུ་ཕེབས་ཏེ་ལོ་གསུམ་ཙམ་བཞུགས་ཤིང་ཀློང་རྡོལ་བླ་མ་སོགས་ལས་བཀའ་ཆོས་ཅི་རིགས་གསན། དེ་ནས་ཕྱིར་བླ་བྲང་དུ་ཕེབས་ཤིང་རྒྱུད་གྲྭར་ལོ་གསུམ་འགྲིམ་ཞིང་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན། བྱ་ཁྱུང་དང་སྐུ་འབུམ་སོགས་སུ་འགྲིམས་ནས་དམ་བཅའ་བཞག དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1798 ལོར་བླ་བྲང་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་བཅས་ལ་དོ་དམ་གང་[134]ལེགས་གནང་། འདིའི་མན་ཆད་ཀྱི་རྣམ་ཐར་མཇལ་རྒྱུ་མ་བྱུང་ངོ་། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་བཅུ་བ་ཡིན་ནོ།།
- language:
- Tibetan