- kha 'dzin sman
- ID:
- T224855
- ཁ་འཛིན་སྨན (Tibetan, Tibetan script, Original)
- > kha 'dzin sman (Tibetan, Latin script, Transliteration-THL Extended Wylie Transliteration)
- > kha dzin men (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནད་གཞན་གྱི་ཉེན་བསྲུང་བའི་ཕྱིར་དུ་གཙོ་བོའི་སྨན་ལ་ཁ་ཚར་གདབས་རྒྱུའི་སྨན་གྱི་མིང་སྟེ། སྐྱེམས་པ་ཚེ་དབང་གིས་མཛད་པའི་ཕྱི་མ་རྒྱུད་ཀྱི་འགྲེལ་པ་ལག་ལེན་གསལ་བྱེད་ལས། ཁ་འཛིན་ནི། ནད་གྱི་ཉེན་བསྲུང་བ་སྟེ་གནོད་བྱ་ལ་བལྟོས་ན་རང་སྟོབས་བསྐྱེད་པ་དང་། གནོད་བྱེད་བྲི་བ་མཚུངས་ལྡན་ནོ། །ཞེས་གསུངས་པ་ལྟར་དང་། ཟུར་མཁར་མཉམ་ཉིད་རྡོ་རྗེས། ཁ་འཛིན་ཐུན་ཆེས་གཙོ་བོའི་ནུས་པ་འཇོམས། འདི་ནི་སྲན་མ་ཙམ་གྱི་དོན་ཆེན་བྱེད། ཅེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ་ལས། ཁ་འཛིན་ནི། སོ་སོའི་སྨན་དངོས་གཞིའི་སྟེང་དུ་བསྣོན་རྒྱུའི་ཁ་ཚར། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan