Skip to main content Skip to search
kha zas yan la gtad pa
ID:
T224863
  • ཁ་ཟས་ཡན་ལ་གཏད་པ (Tibetan, Tibetan script, Original)
    • > kha zas yan la gtad pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khazé yen la tepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཟས་སྐོམ་ཅུང་ཟད་ཙམ་རེ་ལས་མི་བསྟེན་པ་བཀག་པའམ་ཟས་སྐོམ་རིགས་གཅིག་ཤས་ཆེར་རྒྱུན་བསྲིངས་ནས་བསྟེན་པ་ལ་ཟེར་ཏེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཁ་ཟས་ཡན་ལག་གཏད་པ་ནི་ཁ་ཟས་བག་ཙམ་ལས་མི་བསྟེན་ནས་བཀག་པའམ་ཁ་ཟས་གང་ཕྱོགས་གཅིག་ཁོ་ན་རྒྱུན་བསྲིངས་ནས་བསྟེན་པའི་དོན་ནོ། །ཞེས་གསུངས་པ་ལྟར། མན་ངག་རྒྱུད་ཀྱི་རླུང་ནད་བཅོས་པའི་ལེའུའི་ནང་གི་ཡན་ལ་གཏད་པ་ལྟ་བུ་ནི་ཟས་སྐོམ་རིགས་གཅིག་རྒྱུན་བསྲིངས་ནས་ཐལ་དྲགས་པའི་དོན་དང་། མན་ངག་རྒྱུད་ཀྱི་ཚ་བ་གསོ་བའི་ལེའུའི་ནང་གི་ཡན་ལ་གཏད་པ་ལྟ་བུ་ནི་ཁ་ཟས་མི་ཟའམ་ཅུང་ཟད་ཙམ་ལས་མི་བསྟེན་པ་བཀག་པའི་དོན་ཡིན་པས་སྐབས་ཐོབ་ཏུ་གོ་བར་བྱའོ། །

language:
Tibetan