Skip to main content Skip to search
kha rag gi grwa pa chen po 'dul ba 'od
ID:
T224882
  • ཁ་རག་གི་གྲྭ་པ་ཆེན་པོ་འདུལ་བ་འོད (Tibetan, Tibetan script, Original)
    • > kha rag gi grwa pa chen po 'dul ba 'od (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kha rak gi drapa chenpo dulwa ö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གུང་ཐངབླ་མ་ཞང་གི་སློབ་མ་སྐུ་ཚེའི་རིང་ལ་ཁ་རག་ཏུ་སྒྲུབ་པ‘མཛད་པས་མཚན་ལ་ཁ་རག་པ་ཞེས་ཐོགས། འཁྲུངས་ཡུལ་ལྷོ་ཁ་གྲ་ནང་ནས་ཡིན་ཅིང༌། གདུང་རུས་ཀྱི་དང༌། གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་མཁྱེན་ཅིང༌། སྐུ་མཆེད༌། གཅིག་ཡོད་པ་མེས་ཚིག་ནས་ཤི་བས་ཐུགས་སྐྱོ་ནས་ཚལ་གུང་ཐང་དུ་བླ་མ་ཞང་རིན་པོ་ཆེའི་དྲུང་དུ་བྱོན། ལོ་ཉི་ཤུ༌རྩ་བདུན་གྱི་བར་འབྲལ་མེད་དུ་བསྟེན་ཏེ་རང་ལ་དངོས་པོ་ཅི་བྱུང་བླ་མའི་ཕྱག་ཏུ་ཕུལ། ཆོས་གསུངས་ཚད་གསན་ཅིང༌། གདམས་ངག་བཀའ་རྒྱ་མ་དང་བཅས་པ་ཡོངས་རྫོགས་ཐོབ་པའི་བུ་ཆེན་ཡིན༌། ལོ་རྒྱུས་ཅུང་ཟད་ཞིབ་པ<<དེབ་དམར>>ཤོག་གྲངས༡༣༧ནས༡༣༩དང༌། <<ལྷོ་རོང་ཆོས་འབྱུང>>ལྕགས་དཔར་མའི་གྲངས༢༠༡ནས་༢༠༢བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

གུང་ཐང་བླ་མ་ཞང་གི་སློབ་མ་སྐུ་ཚེའི་རིང་ལ་ཁ་རག་ཏུ་སྒྲུབ་པ་མཛད་པས་མཚན་ཁ་རག་པ་ཞེས་ཐོགས། འཁྲུངས་ཡུལ་ལྷོ་ཁ་གྲ་ནང་ནས་ཡིན་ཅིང་། གདུང་རུས་ཀྱི་དང་། གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་མཁྱེན་ཅིང་། སྐུ་མཆེད་གཅིག་ཡོད་པ་མེས་ཚིག་ནས་ཤི་བས་ཐུགས་སྐྱོ་ནས་ཚལ་གུང་ཐང་དུ་བླ་མ་ཞང་རིན་པོ་ཆེའི་དྲུང་དུ་བྱོན། ལོ་ཉི་ཤུ་རྩ་བདུན་གྱི་བར་འབྲལ་མེད་དུ་བསྟེན་ཏེ་རང་ལ་དངོས་པོ་ཅི་བྱུང་བླ་མའི་ཕྱག་ཏུ་ཕུལ། ཆོས་གསུངས་ཚད་གསན་ཅིང་། གདམས་ངག་བཀའ་རྒྱ་མ་དང་བཅས་པ་ཡོངས་རྫོགས་ཐོབ་པའི་བུ་ཆེན་ཡིན།

language:
Tibetan