- kha li kha chu
- ID:
- T224899
- ཁ་ལི་ཁ་ཆུ (Tibetan, Tibetan script, Original)
- > kha li kha chu (Tibetan, Latin script, Transliteration-THL Extended Wylie Transliteration)
- > kha li khachu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(可黎可足)རྒྱ་ཡིག་གི་དཔེ་དེབ་ཐང་ཧྲུའུ་གསར་རྙིང་ནང་ཁྲི་རལ་པ་ཅན་གྱི་མཚན་ལ་ཁ་ལི་ཁ་ཆུ་ཞེས་བོད་སྐད་ཀྱི་སྒྲ་བྲིས་པ་ཡིན་ནམ་སྙམ་སྟེ་ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་བོད་སྐད་ཀྱི་ཁྲི་འེས་པའི་མིང་གའིཁ་དང་ར་བཏགས་གཉིས་ཁ་ཕྲལ་བ་ལྟ་བུར་ཁ་རི་ཞེས་ཀློག་པ་དང༌། ཁྲི་གཙུག་གི་གཙུག་འེས་པའི་བོད་སྐད་ཀྱི་སྒྲ་ག་ཙུག་འེས་སྔོན་འཇུག་དང༌། མིང་གའི་ཕྲལ་ནས་ཀློག་པར་བརྟེན། ཁྲི་གཙུག་ཅེས་པའི་བོད་སྐད་རྒྱ་སྐད་དུ་སྒྲ་སྒྱུར་བྱེད་སྐབས་ཁ་རི་ག་ཙུག་ཅེས་ཟུར་ཆགས་པ་ཡིན་ནམ་སྙམསྟེ་དཔྱད་པར་ཞུ།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་ཡིག་གི་དཔེ་དེབ་ཐང་ཧྲུའི་གསར་རྙིང་ནང་ཁྲི་རལ་པ་ཅན་གྱི་མཚན་ལ་ཁ་ལི་ཁ་ཆུ་ཞེས་བོད་སྐད་ཀྱི་སྒྲ་བྲིས་པ་ཡིན་ནམ་སྙམ་སྟེ་ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་བོད་སྐད་ཀྱི་ཁྲི་ཞེས་པའི་མིང་གཞི་ཁ་དང་ར་བཏགས་གཉིས་ཁ་ཕྲལ་བ་ལྟ་བུར་ཁ་རི་ཞེས་ཀློག་པ་ལྟ་བུ།
- language:
- Tibetan