- mkhris pa thang las lhag pa/
- ID:
- T22490
- མཁྲིས་པ་ཐང་ལས་ལྷག་པ (Tibetan, Tibetan script, Original)
- > mkhris pa thang las lhag pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tripa tanglé lhakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
me drod mkhris pa rang gi ldang tshad, a man's gsang sgro gang and a woman's la dngos bstan ma gsungs na'ang shud bstan de ltar go dgos pas de las lhag par gyur pa'i don
- language:
- English
2. bod rgya tshig mdzod chen mo
[308] མེ་དྲོད་མཁྲིས་པ་རང་གི་ལྡང་ཚད། སྐྱེས་པའི་གསང་སྒྲོ་གང་དང། བུད་མེད་ལ་དངོས་བསྟན་མ་གསུངས་ནའང་ཤུཊ་བསྟན་དེ་ལྟར་གོ་དགོས་པས་དེ་ལས་ལྷག་པར་གྱུར་པའི་དོན། …
- language:
- Tibetan
3. Thupten Phuntsok Dictionary
ལུས་ཀྱི་དྲོད་ཁམས་ཀྱི་ལྡང་ཚད་ལས་ལྷག་པར་གྱུར་པའི་དོན་ཏེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མཁྲིས་པ་ཐང་ལས་ལྷག་པ་ནི། ཐང་ཞེས་ཚད་ཀྱི་མིང་སྟེ་གོང་ཐང་དང་ཐོབ་ཐང་ཞེས་པས་མཚོན་ནུས་པ་ལྟར་འདིར་མཁྲིས་པ་རང་གི་དྲོད་ཁམས་ཡོད་དོ་ཅོག་ལ་གཞུང་ནས་ཚད་གསུངས་པའི་སྣོད་ཀྱི་མཁྲིས་ཐུམ་གང་ཡིན་པས་དེ་ལས་ལྷག་པར་གྱུར་པའི་དོན་ནོ། །ཞེས་དང་། མན་ངག་ཡོན་ཏན་རྒྱུད་ལས། དེ་ལ་ཚ་བ་ཉེས་བྱའི་ངོ་བོ་ནི། མཁྲིས་པའི་མེ་དྲོད་ཐང་ལ་ལྷག་པ་ཡིན། ཅི་ཕྱིར་མཁྲིས་པ་སྣུམ་བཅས་རྣོ་ཞིང་ཚ། ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བ་དེ། ཐང་ལ་ལྷག་པའི་ཚ་བའི་རྟགས་སུ་འབྱུང་། ཞེས་གསུངས་པ་ལྟ་བུའོ། །
- language:
- Tibetan
4. smon lam tshig mdzod chen mo
མེ་དྲོད་མཁྲིས་པ་རང་གི་ལྡང་ཚད། སྐྱེས་པའི་གསང་སྒྲོ་གང་དང༌། བུད་མེད་ལ་དངོས་བསྟན་མ་གསུངས་ནའང་ཤུགས་བསྟན་དེ་ལྟར་གོ་དགོས་པས་དེ་ལས་ལྷག་པར་གྱུར་པའི་དོན།
- language:
- Tibetan