- khang gsar mkhan chen ngag dbang mkhyen brtse thub bstan snying po
- ID:
- T224956
- ཁང་གསར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ (Tibetan, Tibetan script, Original)
- > khang gsar mkhan chen ngag dbang mkhyen brtse thub bstan snying po (Tibetan, Latin script, Transliteration-THL Extended Wylie Transliteration)
- > khang sar khenchen ngawang khyentsé tubten nyingpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་གསུམ་པ་ཡིན། དཔལ་ཨེ་ཝཾ་ཆོས་ལྡན་དང་ཉེ་བའི་གནས་པ་སྣམ་ཤོལ་པོ་སྟེང་པ་རུ། ཡབ་ཨ་ཁུ་ཕུར་དོན་དང་ཡུམ་སྤེན་པ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་མོ་གླང་སྤྱི་ལོ་༡༩༡༣ལོར་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོའི་སྤྲུལ་པའི་སྐུར་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་བལྟམས། ངོར་ཁང་གསར་བླ་བྲང་དུ་ཕེབས་ནས་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་ཡི་གེ་འབྲི་ཀློག་གསན་སྦྱོང་མཛད། ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་དགེ་ཚུལ་སློང་གི་སྡོམ་པས་གཞི་བྱས་གསུང་ངག་ལམ་འབྲས་བུ་དང་བཅས་པའི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ངག་དབང་བློ་གྲོས་སྙིང་པོའི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་གྲངས་སོ་གསུམ་སྟེང་རྒྱལ་བ་རྡོ་རྗེ་འཆང་གི་ཁྲིར་ཕེབས། སྔ་ཕྱིར་གདན་ས་ལོ་དྲུག་མཛད། ཞབས་དྲུང་བསྟན་འཛིན་སྙིང་པོས་གཙོས་གདུལ་བྱ་དཔག་ཏུ་མེད་པ་སྨིན་པར་མཛད་དེ་བསྟན་པའི་རྒྱུན་ལེགས་པར་བསྐྱངས། མཐར་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག་སྤྱི་ལོ་༡༩༨༨ཟླ་བ་གསུམ་པའི་ཚེས་དགུའི་ཉིན་སྐུ་གཤེགས།
- language:
- Tibetan