Skip to main content Skip to search
khang gsar mkhan chen ngag dbang blo gros gzhan phan snying po
ID:
T224957
  • ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ (Tibetan, Tibetan script, Original)
    • > khang gsar mkhan chen ngag dbang blo gros gzhan phan snying po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khang sar khenchen ngawang lodrö shyenpen nyingpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་རེ་ལྔ་པ་ཡིན། བོད་རབ་བྱུང་བཅོ་ལྔ་པའི་མེ་ཕོ་བྱི་བའི་སྤྱི་ལོ་༡༨༧༦ལོར་གནུབས་ཀྱི་རིགས་ལས་གཙང་རོང་སྨན་ཐང་དུ་སྐུ་བལྟམས། ངོར་ཁང་གསར་ཞབས་དྲུང་དུ་མངའ་གསོལ། ཨེ་ཝཾ་པའི་ཕྱག་སྲོལ་ཀུན་ཏུ་དགོས་པའི་གཞུང་བདུན་ཐུགས་འཛིན་མཛད། ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོད། རྫོགས་ཆེན་གཞན་དགའ་རིན་པོ་ཆེའི་དྲུང་དུ་ཕྱག་དཔེ་གཟིགས་པར་ཕེབས་སྐབས། ཕེབས་པའི་སྔ་ནུབ་ཏུ་གཞན་དགའ་རིན་པོ་ཆེའི་མནའ་ལམ་དུ། བུད་མེད་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ལག་ན་བུམ་པ་ཐོགས་པ་ཁ་དོག་མི་འདྲ་བ་ལྔས་མགྲིན་གཅིག་ཏུ། ཐེག་པ་གསུམ་དང་གྲུབ་མཐའ་རྣམ་པ་བཞི། རྒྱུད་སྡེ་བཞི་དང་སོ་སོའི་དབྱེ་བ་བཅས། ཆོས་ཉིད་ང་མཉམ་ཆོས་ཅན་མ་ལུས་པ། ས་ཆེན་གནས་པའི་འཕགས་ཆེན་སྤྱོད་ཡུལ་ཡིན། ཅེས་བརྗོད་དེ་བུམ་པ་ཕུལ་བྱུང་བ་དེར་ཁོང་གིས་དེ་རིང་ངའི་དྲུང་དུ་སློབ་མ་གསར་པ་སུ་སླེབས་ན་དེ་ས་ཆེན་པོ་ལ་གནས་པའི་འཕགས་པ་ཡིན་པའི་ལུང་བསྟན་རེད་ཅེས་གསུངས་ཤིང་། སྔོན་གནས་རྗེས་དྲན་དང་། མ་འོངས་མངོན་གཟིགས་ཀྱི་ཟག་པ་མེད་པའི་ཡོན་ཏན་མངའ་བ་ཀུན་ལ་གྲགས་ཤིང་གྲུབ། གཞན་དགའ་རིན་པོ་ཆེ་ལས་གཞུང་ཆེན་བཅུ་གསུམ་སོགས་མདོ་སྔགས་གསུང་རབ་རྒྱ་མཚོ་ལྟ་བུར་གསན་སྦྱོང་མཛད། གཞན་ཡང་དཔོན་སློབ་བློ་གཏེར་དབང་པོ། བྲག་ར་ཆོས་ཀྱི་ཉི་མ་སོགས་ལས་གསུང་ངག་ལམ་འབྲས། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས་སོགས་ཆོས་འཁོར་རྒྱ་ཆེར་གསན། མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ངོར་ཨེ་ཝཾ་པའི་གདན་ས་གོང་འོག་རྣམས་སུ་རྒྱུད་སྡེ་ཀུན་བཏུས་ཀྱིས་གཙོས་པའི་ཆོས་འཁོར་མཐའ་ཡས་པ་གསུངས། གདན་ས་འདི་ཉིད་ཀྱི་ཆུ་འདུས་ཁང་ཚན་དུ་ཨེ་ཝཾ་པའི་བཤད་གྲྭ་བཙུགས། དེང་སྐབས་དཔལ་ས་སྐྱའི་༧སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་དབུས་པའི་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཏུ་ཞལ་སློབ་ཀྱི་ཚོགས་སྐྱེས་ཆེན་དམ་པ་མཐའ་ཡས་པ་བཞུགས། མཐར་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྤྱི་ལོ་༡༩༥༤ལོའི་བོད་ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན་སྐུ་གཤེགས།

language:
Tibetan