- khang gsar mkhan chen ngag dbang yon tan rgya mtsho
- ID:
- T224958
- ཁང་གསར་མཁན་ཆེན་ངག་དབང་ཡོན་ཏན་རྒྱ་མཚོ (Tibetan, Tibetan script, Original)
- > khang gsar mkhan chen ngag dbang yon tan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > khang sar khenchen ngawang yönten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་རེ་དགུ་པ་ཡིན། ཡབ་འཛིན་མདའ་བསྐལ་བཟང་ཕྲིན་ལས་སམ་བསྐལ་དགའ་དང་། ཡུམ་དུང་འཁོར་ལ་ཁ་ཚང་གི་བུ་མོ་སྒྲོན་ལྷ་དབང་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༠༢ལོའི་ས་ག་ཟླ་བའི་ཚེས་ནང་ལ་མདོ་ཁམས་འབྲི་བརྒྱུད་ཐར་ལམ་དགོན་གྱི་ཉེ་འགྲམ་ཐར་མདའ་རུ་སྐུ་འཁྲུངས། ཆུ་ཟོ་བ་གང་འོ་མ་འགྱུར་བ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། ཁང་གསར་མཁན་ཆེན་ལྕེ་བཙུན་ངག་དབང་བསོད་ནམས་རྒྱལ་མཚན་གྱི་སྤྲུལ་སྐུ་རུ་ངོས་འཛིན་མཛད་དེ་ཁང་གསར་བླ་བྲང་དུ་ཞབས་དྲུང་གི་མཚན་གསོལ་ཏེ་བཞུགས། དམ་པ་ཁོང་ནི་སྐྱེ་བ་སྔ་མའི་བག་ཆགས་སད་པའི་སྟོབས་ཀྱིས་ཡི་གེ་འབྲི་ཀློག་སོགས་ལ་བསླབ་པ་ཙམ་གྱིས་དཀའ་ཚེགས་མེད་པ་མཁྱེན། བླ་མ་གོང་མའི་ཕྱག་ལེན་ལ་བརྟེན་ཏེ་ངོར་དགོན་གྱི་འདོན་ཆོག་སྐོར་ཐིག་རྡུལ་ཚོན་ཆོ་ག་ཕྱག་ལེན་སོགས་ལ་སྦྱོང་པ་བྱས། ཁྱད་པར་དུ་ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་ལ་བཟུང་བ་མ་ཟད་དེའི་དོན་ཐམས་ཅད་ལ་ཉམས་བཞེས་ཚུལ་བཞིན་དུ་གནང་། མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་མཆོག་གི་མདུན་ནས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ། བྱང་ཆུབ་སེམས་དཔའི་སྡོམ་པ། དཔལ་ཀྱེ་རྡོ་རྗེ་སོགས་རྒྱུད་སྡེ་མང་པོ་དབང་སྐུར་ཞུས་ཏེ་སུམ་ལྡན་རྡོ་རྗེ་འཛིན་པའི་དགེ་སློང་དུ་གྱུར། ཁུ་བོ་རྣམ་གཉིས་གཙོ་བོར་བཞུགས་པའི་མཁས་དང་གྲུབ་པའི་ས་ལ་གནས་པའི་བཤེས་གཉེན་མང་པོ་ལ་བསྟེན་ཏེ་གསང་སྔགས་ལམ་འབྲས་གཙོས་མདོ་རྒྱུད། རིག་གནས་དང་བཅས་པར་གསན། དཔལ་ངོ་ཨེ་ཝཾ་པ་ཆེན་པོའི་རྒྱལ་ཚབ་ཏུ་མཁན་ཁྲི་ལོ་གསུམ་རིང་གསུང་ངག་ལམ་འབྲས་གཙོས་སྡོམ་པ་གསུམ་གྱི་སྒོ་ནས་སྐལ་ལྡན་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད། ཕྱིས་སུ་འབྲུག་ཡུལ་ཕེབས་ཏེ་འབྲུག་པ་རྒྱལ་པོའི་དབུའི་མཆོད་གནས་སུ་གྱུར་པ་རིན་པོ་ཆེ་མ་གཏོགས་མཁན་པོ་སུ་ཡང་མ་བྱུང་བས་ཡོངས་གྲགས་ཀྱི་མཚན་ལ་འབྲུག་པ་མཁན་རིན་པོ་ཆེ་ཞུ་བ་ལགས། ཁྱད་པར་དུ་མཐུ་སྟོབས་ནུས་པའི་ཡོན་ཏན་ལྡན་པས་བཙན་དང་རྒྱལ་པོ་ཤུགས་ལྡན་སོགས་བཅོམ་པ་བྱས། མཐར་སྤྱི་ལོ་༡༩༥༩ལོར་སྐུ་གཤེགས་པ་ཐོས།
- language:
- Tibetan