- khang gsar mkhan chen bsod nams rgya mtsho
- ID:
- T224960
- ཁང་གསར་མཁན་ཆེན་བསོད་ནམས་རྒྱ་མཚོ (Tibetan, Tibetan script, Original)
- > khang gsar mkhan chen bsod nams rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > khang sar khenchen sönam gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཉེར་གཅིག་པ་ཡིན། རབ་བྱུང་བཅུ་པའི་མེ་སྦྲུལ་སྤྱི་ལོ་༡༦༡༧ལོར་སྣར་ཐང་དཔལ་འབྱོར་གླིང་དུ་འཁྲུངས། གསེར་མདོག་ཅན་བྱ་རྒོད་ཕུང་པོའི་ཆོས་རྭར་བསྡུས་གྲྭ་དང་བྱམས་ཆོས་སྐོར་སོགས་གསན་སྦྱོང་མཛད། དགུང་ལོ་ཉེར་ལྔ་པར་བྲང་ཏི་ནམ་མཁའ་སངས་རྒྱས་ལས་བསྙེན་པར་རྫོགས། སྔ་ཕྱིར་བླ་མ་བཅུ་གསུམ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་། བཅས་པར་གསན་རྒྱ་ཤིན་ཏུ་ཆེ། དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅུ་གཅིག་པའི་ས་ཁྱི་སྤྱི་ལོ་༡༦༥༨ལོར་གདན་སའི་ཁུར་བཞེས། ལམ་འབྲས་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། གདན་ས་ལོ་ངོ་བཅུ་མཛད། ང་གཅིག་པ་རབ་བྱུང་བཅུ་གཅིག་པའི་མེ་ལུག་སྤྱི་ལོ་༡༦༦༧ལོ་ནག་པ་ཟླ་བའི་ཚེས་དྲུག་ལ་སྐུ་གཤེགས།
- language:
- Tibetan