Skip to main content Skip to search
khang gsar mkhan chen bsod nams lhun grub
ID:
T224961
  • ཁང་གསར་མཁན་ཆེན་བསོད་ནམས་ལྷུན་གྲུབ (Tibetan, Tibetan script, Original)
    • > khang gsar mkhan chen bsod nams lhun grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khang sar khenchen sönam lhündrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་སོ་དྲུག་པ་ཡིན། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་སྤྱི་ལོ་༡༧༡༤ལོར་གླིང་མ་ཁར་འཁྲུངས། ངོར་ཁང་གསར་བླ་བྲང་དུ་ཁུ་བོ་བླ་མ་བྱམས་པ་བསོད་ནམས་བཟང་པོར་བསྟེན་ནས་ཐོས་བསམ་མཛད། དགུང་ལོ་བཅུ་དགུ་པ་ཆུ་བྱི་སྤྱི་ལོ་༡༧༣༢ལོར་ཐར་རྩེ་ནམ་མཁའ་བསམ་གྲུབ་ལས་བསྙེན་པར་རྫོགས། སྐུ་ན་གཞོན་དུས་མདོ་ཁམས་སུ་ཕེབས། གླིང་མགོ་ཟི་དགོན་དུ་ལོ་ངོ་བདུན་བཞུགས། ལྕགས་སྤྲེལ་སྤྱི་ལོ་༡༧༤༠ལོར་ངོར་དུ་ཕེབས། ཉེར་བརྒྱད་པ་ལྕགས་བྱ་སྤྱི་ལོ་༡༧༤༡ལོའི་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་ལ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་མངའ་གསོལ། ལོ་ལྔར་གདན་ས་བསྐྱངས་ཏེ་ལམ་འབྲས་ཚར་གསུམ་དང་། སྒྲུབ་ཐབས་བརྒྱ་རྩ་སོགས་གསུངས། དགུང་ལོ་སོ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཤིང་གླང་སྤྱི་ལོ་༡༧༤༥ལོའི་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་སྐུ་གཤེགས།

language:
Tibetan