- khang gsar mkhan po ngag dbang blo gros bstan 'dzin
- ID:
- T224962
- ཁང་གསར་མཁན་པོ་ངག་དབང་བློ་གྲོས་བསྟན་འཛིན (Tibetan, Tibetan script, Original)
- > khang gsar mkhan po ngag dbang blo gros bstan 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
- > khang sar khenpo ngawang lodrö tendzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ང་གཉིས་པ་ཡིན། ངག་དབང་བློ་གྲོས་བཟང་པོའི་དབོན་རིགས་སུ་སྐུ་འཁྲུངས། ཕུན་ཚོགས་ཁང་གསར་དུ་ཞབས་དྲུང་གི་གོ་སར་བཞུགས་ནས་རིགས་རུས་ཀྱི་དྲེགས་པ་འགོ་བའི་ནད་བཞིན་སྤངས་ཏེ་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དུ་མ་ལས་ཐེག་གསུམ་ཆོས་ཀྱི་སྙིང་པོ་སྡོམ་པ་གསུམ་དང་ལམ་འབྲས་སོགས་ས་ངོར་གྱི་ཡབ་ཆོས་རྒྱ་མཚོ་ལྟ་བུར་གསན་བསམ་མཛད་ཅིང་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། རབ་བྱུང་བཅུ་བཞི་པའི་ཆུ་སྟག་སྤྱི་ལོ་༡༨༤༢ལོར་རྒྱལ་བ་རྡོ་རྗེ་འཆང་གི་ཆོས་ཁྲིར་ཕེབས་ནས་ལོ་བདུན་གདན་ས་མཛད། གསུང་ངག་ལམ་འབྲས་སོགས་ཀྱི་སྒོ་ནས་འཇམ་མགོན་ངག་དབང་ལེགས་གྲུབ་སོགས་སློབ་ཚོགས་དཔག་ཏུ་མེད་པ་རྗེས་སུ་འཛིན་པར་མཛད་དོ། །
- language:
- Tibetan