Skip to main content Skip to search
khams nyi shu rtsa bzhi
ID:
T224994
  • ཁམས་ཉི་ཤུ་རྩ་བཞི (Tibetan, Tibetan script, Original)
    • > khams nyi shu rtsa bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kham nyishu tsa shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ཡུལ་ཉི་ཤུ་རྩ་བཞིའི་ཚུལ་དུ་བཀོད་ནས་གནས་དེ་དག་ཏུ་ཁམས་ཉི་ཤུ་རྩ་བཞི་འབབ་ཚུལ་བཤད་པའི་བསྡུས་མིང་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་གི་དོན་བཤད་པའི་གཞུང་ལས། ཁམས་ནི་ཉི་ཤུ་རྩ་བཞི་པོ། ༡ སྔར་བཤད་རྩ་དང་བཅས་པ་ནི། མི་ཕྱེད་པུལླི་ར་ཡིན་ཏེ། སོ་དང་སེན་མོ་འབབ་པར་བརྗོད། ༢ དྲ་མོ་ཛྭ་ལན་རད་ར་སྟེ། དེ་བཞིན་སྐྲ་དང་བ་སྤུ་འབབ། ༣ རྩེ་བ་ན་ནི་ཨཽ་རྒྱན་ཏེ། རྣ་གཡས་བརྟེན་ཏེ་པགས་པ་འབབ། ༤ གཡོན་པ་མ་ནི་ཨརྦུ་ཏ། རྒྱབ་སོགས་ཤ་རྣམས་འབབ་པའོ། ༥ །དཀར་ཆ་རྟག་ཏུ་གནས་པས་གནས། གཽ་ཏཱ་ཝ་རཱི་ཐུང་ངུ་མ། ནུས་པ་བསྐྱེད་པའི་ཁམས་རྣམས་འབབ། ༦ རཱ་མེ་ཤ་ར་རུས་སྦལ་སྐྱེས། རུས་པའི་ཕྲེང་བ་འབབ་པ་ཡིན། ༧ དེ་ཝཱི་ཀོ་ཊི་སྒོམ་པ་མོ། མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན། ༨ དབང་བསྐུར་མཱ་ལཱ་ཝ་ཞེས་བྱ། སྙིང་གི་ཤ་སྐྱེད་བྱེད་པ་སྟེ། རྟག་ཏུ་ཉེ་བའི་གནས་ཞེས་བརྗོད། ༩ སྐྱོན་མ་ཞེས་བྱ་ཀམ་རུ་སྟེ། མིག་འབྲས་པ་རྣམས་འབབ་པ་ཡིན། ༡༠ མཇུག་མ་ཨོ་ཊི་ཡ་ཡིན་ཏེ། ནུ་མཚམས་ནས་བརྒྱུད་མཁྲིས་པ་བསྐྱེད། ༡༡ མ་མོ་ཏྲི་ཤ་ཀུ་ན་སྟེ། གློ་བ་བསྐྱེད་པར་བྱེད་པའོ། ༡༢ །མཚན་མོ་ཞེས་བྱ་ཀོ་ཤ་ལ། །རྒྱུ་མའི་ཕྲེང་བ་འབབ་པར་བྱེད། ༡༣ ལོངས་སྤྱོད་ཞིང་དང་ཉེ་ཞིང་བརྗོད། ༡༤ བསིལ་སྦྱིན་ཀ་ལིང་ཀ་ཡིན་ཏེ། སྟ་ཟུར་ནས་འབྲེལ་གྲོད་པ་བསྐྱེད། ༡༥ ཚ་བ་མ་ནི་ལལྦཱ་ཀ ལྟོ་བ་གཉེ་མ་བསྐྱེད་པ་ཡིན། ༡༦ གཞོལ་མ་ཀཉྩིར་བཤད་པ་སྟེ། བཤང་བ་འབབ་པའི་བདག་རྐྱེན་བྱེད། ༡༧ རངས་མ་ཧི་མ་ལ་ཡ་སྟེ། མཚམས་དབུས་འགེངས་པའི་རྒྱུངས་པ་འབབ། དྭངས་སྙིགས་འདྲེས་པར་གནས་པས་ན། ཙྪནྡྷོ་ཉེ་བའི་ཙྪནྡྷོར་བཤད། ༡༨ པྲེ་ཏ་པུ་རི་གཟུགས་ཅན་མ། རྟག་ཏུ་རྣག་ནི་འབབ་པ་ཡིན། ༡༩ གྲྀ་ཧ་དེ་ཝ་ཐུན་མོང་མ། བད་ཀན་འབབ་པར་བྱེད་པའོ། ། ༢༠ རྒྱུ་སྦྱིན་སོ་རཥྚ་སྟེ། ཁྲག་གི་ནུས་པ་བསྐྱེད་པར་བྱེད། ༢༡ སཱ་རྞ་དཱ་པ་སྦྱོར་བྲལ་མ། རྟག་ཏུ་རྡུལ་ནི་འབབ་པར་བྱེད། དྭངས་སྙིགས་འདུ་དང་ཉེ་འདུར་གསུངས། ༢༢ སྡུག་བུ་ཞེས་བྱ་ནཱ་ག་ར། ཚིལ་ནི་འབབ་པར་བྱེད་པ་ཡིན། ༢༣ གྲུབ་མ་ཞེས་བྱ་དྷུར་བརྗོད། མཆི་མ་སྐྱེད་པར་བྱེད་པ་ཡིན། ༢༤ མ་རུ་ཞེས་བྱ་འཚེད་མ་སྟེ། ལུད་པ་མཆིལ་མ་བསྐྱེད་ཅིང་འབབ། ༢༥ ཀུ་ལུ་ཏ་ནི་ཡིད་བཟང་སྟེ། རྟག་ཏུ་སྣ་ཆུ་འབབ་པ་ཡིན། བདེ་མེད་དུར་ཁྲོད་དེ་ཉེ་བའོ། །དེ་ལྟར་ཁམས་ནི་ཉི་ཤུ་བཞི། ཐིམ་པ་སྙིགས་མར་གྱུར་པ་སྟེ། ལོངས་སྤྱོད་དྭངས་མ་དཀར་ཆ་ཡིན། བདག་པོ་རྩ་བ་རླུང་ཁྲག་འདྲེས། རེ་རེའང་སྟོང་ཕྲག་གསུམ་གསུམ་སྟེ། རླུང་དང་དཀར་དམར་གསུམ་བདག་ཉིད། བ་སྤུའི་མཐར་ཐུག་ཀུན་ཏུ་ཁྱབ། ཅེས་གསུངས་པ་ལྟར་རོ། །

language:
Tibetan