- khams pa ro mnyam rdo rje
- ID:
- T225000
- ཁམས་པ་རོ་མཉམ་རྡོ་རྗེ (Tibetan, Tibetan script, Original)
- > khams pa ro mnyam rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > khampa ronyam dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གསང་བའདུས་པའིབླ་བརྒྱུད་དུ་བཞུགས་པའི་མཚུར་སྟོན་དབང་གེ་རྡོ་རྗེའི་སློབ་མ་གཙོ་བོ་གསུམ་གྱི་གྲས་ཡིན། འཁྲུངས་འདས་ཀྱི་ལོ་གསལ་བར་མ་རྙེད། ཐོག་མར་རྒྱ་གར་དུ་ཕེབས་ནས་གྲུབ་ཆེན་མེ་ཏྲི་པ་ལས་གསང་བ་འདུས་པ་གསན་རྒྱུའི་དགོངས་པ་ཡོད་ཀྱང༌། གྲུབ་ཆེན་སྐུ་གཤེགས་ཟིན་པས་མ་མཇལ། དེ་ནས་བོད་དུ་ཕེབས་ཏེ་མར་པ་ལོ་ཙཱ་བ་ལ་གསན་དགོངས་ཀྱང་མར་པ་ལོ་ཙཱ་བ་ཡང་གཤེགས་ཟིན་པས་མར་པའི་སློབ་མ་འཚུར་སྟོན་དབང་གི་རྡོ་རྗེའི་དྲུང་དུ་ཕེབས་ནས། འགོན་གད་པ་ཀིརྟི་དང་མཉམ་དུ་གསང་བ་འདུས་པ་གསན་འིང༌། མཚུར་སྟོན་གྱིས་ཁོང་རྣམ་པ་གཉིས་ལ་རྒྱུད་ཀྱི་བཤད་པ་མན་ངག་དང་བཅས་པ་གནང༌། ཁམས་པས་མཚུར་སྟོན་གྱི་གསུང་རྒྱུན་བའིན་རྩ་རྒྱུད་རྐྱང་པའི་ཏིཀ་ཡང་མཛད། དེ་དང་མཐུན་པའི་དབང་གི་ཆོ་ག་འིག་མཛད་པའི་གའི་འཛིན་ས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་གར་སྣང་འེས་འགོས་ལོ་གཞོན་ནུ་དཔལ་བས་གསུངས། ལོ་རྒྱུས་གཞན་དག་འཁོད་པ་ད་ཕན་མ་མཇལ།
- language:
- Tibetan
2. Thupten Phuntsok Dictionary
གསང་བ་འདུས་པའི་བླ་བརྒྱུད་དུ་བཞུགས་པའི་མཚུར་སྟོན་དབང་གི་རྡོ་རྗེའི་སློབ་མ་གཙོ་བོ་གསུམ་གྱི་གྲས་ཡིན། འཁྲུངས་འདས་ཀྱི་ལོ་གསལ་བར་མ་རྙེད། ཐོག་མར་རྒྱ་གར་དུ་ཕེབས་ནས་གྲུབ་ཆེན་མཻ་ཏྲི་པ་ལས་གསང་བ་འདུས་པ་གསན་རྒྱུའི་དགོངས་པ་ཡོད་ཀྱང་། གྲུབ་ཆེན་སྐུ་གཤེགས་ཟིན་པས་མ་མཇལ། དེ་ནས་བོད་དུ་ཕེབས་ཏེ་མར་པ་ལོ་ཙཱ་བ་ལ་གསན་དགོངས་ཀྱང་མར་པ་ལོ་ཙཱ་བ་ཡང་གཤེགས་ཟིན་པས་མར་པའི་སློབ་མ་འཚུར་སྟོན་དབང་གི་རྡོ་རྗེའི་དྲུང་དུ་ཕེབས་ནས། འགོལ་གད་པ་ཀིརྟི་དང་མཉམ་དུ་གསང་བ་འདུས་པ་གསན་ཞིང་། མཚུར་སྟོན་གྱིས་ཁོང་རྣམ་པ་གཉིས་ལ་རྒྱུད་ཀྱི་བཤད་པ་མན་ངག་དང་བཅས་པ་གནང་། ཁམས་པས་མཚུར་སྟོན་གྱི་གསུང་རྒྱུན་བཞིན་རྩ་རྒྱུད་རྐྱང་པའི་ཊིཀྐ་ཡང་མཛད། དེ་དང་མཐུན་པའི་དབང་གི་ཆོ་ག་ཞིག་མཛད་པའི་གཞི་འཛིན་ས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་གར་སྣང་ཞེས་འགོས་ལོ་གཞོན་ནུ་དཔལ་བས་གསུངས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མགོ་ཙམ་དུ་མདོ་ཁམས་སུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་གསང་བ་འདུས་པའི་རྒྱུད་ལ་མོས་པ་ཆེ་དྲག་པས་རྒྱ་གར་དུ་ཕེབས་ནས་མངའ་བདག་མཻ་ཏྲི་ལས་གསན་འདོད་ཆེ་ཡང་སྐུ་གཤེགས་ནས་མ་མཇལ་། སློབ་དཔོན་གཞན་དག་བཙལ་ཡང་གསང་འདུས་གསན་ས་མ་རྙེད། དེ་ནས་རྗེ་བཙུན་མར་པ་ལས་གསན་བསམ་མཛད་ནས་བོད་དུ་ཕེབས་ཀྱང་རྗེ་བཙུན་མར་པ་སྐུ་གཤེགས་ནས་མཇལ་བའི་སྐལ་བས་སྟོང་། དེའི་སྐབས་སུ་བོད་དུ་གསང་འདུས་མར་ལུགས་ཀྱི་བརྒྱུད་པ་འཛིན་པའི་སློབ་དཔོན་གྲགས་ཆེ་བ་མཚུར་སྟོན་དབང་གི་རྡོ་རྗེ་ཡིན་པས། དེའི་ཞབས་ལ་གཏུགས་ཏེ་གསང་འདུས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་གསན་ནས་མཁས་པ་ཆེན་པོ་གྱུར། ཉམས་སུ་བླངས་ནས་སྒྲུབ་པ་མཛད་པས་གྲུབ་པ་ཆེན་པོ་ཐོབ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་ལུང་ཕུ་བ་ཆེན་པོ་ཡིན། ཁོང་གི་གསུང་རྩོམ་ནི《རྒྱུད་རྐྱང་གི་ཊཱི་ཀ》དང་། 《དབང་གི་ཆོ་ག》། 《གཉིས་མེད་རྣམ་རྒྱལ་ཆེན་པོ》བཅས་བཞུགས་སོ།།
- language:
- Tibetan