Skip to main content Skip to search
khal kha ngag dbang mkhas grub
ID:
T225038
  • ཁལ་ཁ་ངག་དབང་མཁས་གྲུབ (Tibetan, Tibetan script, Original)
    • > khal kha ngag dbang mkhas grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khelkha ngawang khedrup (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཁལ་ཁ་སོག་པོའི་མི་རིགས་ཀྱི་དགེ་བཤེས་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་བྱུང་བཅུ་གསུམ་པའི་ས་ཕག(༡༧༧༩)ལོར་སོག་ཡུལ་དུ་འཁྲུངས། སྐུ་ན་གཞོན་དུས་ཁལ་ཁ་ཁུ་རེ་དགོན་ཆེན་དང༌། དབུས་ཀྱི་གདན་ས་ཆེན་པོ་སེ་འབྲས་གང་རིགས་ཤིག་ཏུ་བཞུགས་ནས་མུ་མཐུད་སློབ་གཉེར་གནང་ཞིང༌། ཞོར་ལ་འོན་རྒྱལ་སྲས་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དང༌། ཁྲི་ཆེན་བསྟན་པ་རབ་རྒྱས། དེ་མོ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མམོཁྲི་ཆེན་དགེ་འདུན་ཚུལ་ཁྲིམས་སོགས་བླ་མ་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན་ནས་རང་ཡུལ་དུ་ཕེབས། དད་འདུས་སློབ་མ་རྣམས་ལ་སོ་སོའི་རེ་འདོད་དང་མཚམསཔའི་ཆོས་གསུངས། ཁལ་ཁ་དགོན་ཆེན་ཀྱེ་རྡོར་གྲྭ་ཚང་གི་མཁན་པོ་དང་ཆོགས་ཆེན་གྱི་མཁན་པོ་མཛད། དགུང་ལོ་ང་དགུ་པ་རབ་བྱུང་བཅུ་བཞི་པའི་མེ་བྱ(༡༨༣༧)ལོར་སྐུ་གཤེགས། གསུང་རྩོམ་པོད་ལྔ་ཁལ་ཁར་ཤིང་དཔར་ཡོད་ཅིང་དཀར་ཆཀ་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་མཛོད་དཀར་ཆག་ནང་ག་སལ། རྣམ་ཐར་གྱི་སྐོར། དམ་པ་དེ་ཡི་ཞལ་སློབ་ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས་པསམཛད་པ་ཁ་བྱང་དུ<<དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ངག་དབང་བློ་བཟང་མཁས་གྲུབ་དཔལ་བཟང་པོའི་རྣམ་ཐར་དད་པའི་འཁྲི་ཤིང>>ཞེས་འཁོད་པ་ཤིང་དཔར་ལ་ཤོཀ་གྲངས༦༣ཡོད་པ་ཞིག་དམ་པ་དེ་ཡི་གསུང་འབུམ་པོད་ཀ་པའི་ནང་དུ་བཞུགས།

language:
Tibetan

2. Thupten Phuntsok Dictionary

ཁལ་ཁ་སོག་པོའི་མི་རིགས་ཀྱི་དགེ་བཤེས་མཚན་སྙན་ཤིན་ཏུ་ཆེ་བ་ཞིག རབ་བྱུང་བཅུ་གསུམ་པའི་ས་ཕག (༡༧༧༩) ལོར་སོག་ཡུལ་དུ་འཁྲུངས། སྐུ་ན་གཞོན་དུས་ཁལ་ཁ་ཁུ་རེ་དགོན་ཆེན་དང་དབུས་ཀྱི་གདན་ས་ཆེན་པོ་སེ་འབྲས་གང་རིགས་ཤིག་ཏུ་བཞུགས་ནས་མུ་མཐུད་སློབ་གཉེར་གནང་། དགུང་ལོ་ང་དགུ་པ་རབ་བྱུང་བཅུ་བཞི་པའི་མེ་བྱ (༡༨༣༧) ལོར་སྐུ་གཤེགས།

language:
Tibetan