Skip to main content Skip to search
khal kha rje btsun dam pa blo bzang thub bstan 'jigs med rgya mtsho
ID:
T225044
  • ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ (Tibetan, Tibetan script, Original)
    • > khal kha rje btsun dam pa blo bzang thub bstan 'jigs med rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khal khajé tsün dampa lo zang tubten jikme gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཁལཁ་སྐུ་ཕྲེང་བའི་པ)ལྷ་ས་པོ་ཏཱ་ལའི་ཞོལ་ཇོ་ལགས་ནང་ཟན་འིག་གི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་ལུག(༡༧༧༥)ལོར་སྐུ་འཁྲུངས། ཏཱ་ལའི་བླ་མ་རིན་པོ་ཆེ་འཇམ་དཔལ་རྒྱ་མཚོས་ངོས་འཛིན་མཛད། ཏཱ་ལའི་བླ་མ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་སོགས་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁུ་རེ་དགོན་ཆེན་དུ་མཚན་ཉིད་དང༌། རྒྱུད་པ། སྨན་པ་བཅས་ཀྱི་གྲྭ་ཚང་གསུམ་གསར་འཛུགས་གནང་ཐོག རྟེན་བཞེངས་དང་མཆོད་རྒྱུན་རྒྱ་ཆེ་གསར་འཛུགས་གནང༌། དམ་པ་ཉིད་འདུལ་ཁྲིམས་གཙང་ཞིང༌། ཉིན་མཚན་ཀུན་ཏུ་དཔེ་གེཟིགས་དང་ཐུགས་དམ་ཉམས་བཞེས་ཀྱི་མཛད་པ་དང་མི་བྲལ་བ་སོགས་སྐུ་ན་གཞོན་ནུ་འིག་ལ་དཔག་པའི་མཛད་པ་སྐྱེ་བོ་ཀུན་གྱི་མིག་དཔེར་འོས་པ་ཞིག་ཡོད་ཀྱང༌། དགུང་ལོ་སོ་དགུ་པ་རབ་བྱུང་བཅུ་བཞི་པའི་ཆུ་བྱ(༡༨༡༣)ལོར་རི་བོ་རྩེ་ལྔར་ཕེབས་ཏེ་དེར་མྱ་ངན་ལས་འདས། རྣམ་ཐར་མདོར་བསྡུས་ཤིག་ཁལ་ཁ་ཀྱེ་རྡོར་གྲྭ་ཚང་གི་མཁན་པོ་ངག་དབང་བློ་བཟང་མཁས་གྲུབ་ཀྱིས་མཛད་པ<<རྗེ་བཙུན་དམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོའི་མཛད་པའི་ཆ་ཤས་བརྗོད་བྱར་བྱས་པའི་གཏམ་གྱི་ཕྲེང་བ>>ཤིང་དཔར་མ་ལ་ཤོག་གྲངས༤༤ཡོད་པ་དམ་པ་དེའི་གསུང་འབུམ་པོད་[ཀ]པའི་མཇུག་ཏུ་བཞུགས།

language:
Tibetan

2. Thupten Phuntsok Dictionary

(ཁལ་ཁ་སྐུ་ཕྲེང་བཞི་པ)ལྷ་ས་པོ་ཏཱ་ལའི་ཞོལ་ཇོ་ལགས་ནང་ཟན་ཞིག་གི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་ལུག་སྤྱི་ལོ་༡༧༧༥ལོར་སྐུ་འཁྲུངས་ཏཱ་ལའི་བླ་མ་རིན་པོ་ཆེ་འཇམ་དཔལ་རྒྱ་མཚོས་ངོས་འཛིན་མཛད། ཏཱ་ལའི་བླ་མ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་སོགས་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་སོ་དགུ་པ་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་༡༨༡༣ལོར་རི་བོ་རྩེ་ལྔར་ཕེབས་ཏེ་དེར་མྱ་ངན་ལས་འདས།

language:
Tibetan