- khal kha rje btsun dam pa ngag dbang blo bzang chos kyi nyi ma bstan 'dzin dbang phyug
- ID:
- T225047
- ཁལ་ཁ་རྗེ་བཙུན་དམ་པ་ངག་དབང་བློ་བཟང་ཆོས་ཀྱི་ཉི་མ་བསྟན་འཛིན་དབང་ཕྱུག (Tibetan, Tibetan script, Original)
- > khal kha rje btsun dam pa ngag dbang blo bzang chos kyi nyi ma bstan 'dzin dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
- > khelkha jetsün dampa ngawang lozang chökyi nyima tendzin wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(ཁལ་ཁ་སྐུ་ཕྲེང་བརྒྱད་པ)རབ་བྱུང་བཅོ་ལྔ་པའི་ལྕགས་རྟ(༡༨༧༠)ལོར་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་སྐུ་ཉེར་གཏོགས་པ་ཞོལ་ཚ་གུར་དུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་རྒྱལ་བའི་ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཆོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས། སྐྱོར་མོ་ལུང་མངའ་རིས་སྤྲུལ་སྐུ་ཡོངས་འཛིན་དུ་བསྐོ་གཞག་གནང་སྟེ་ལྷན་རྒྱས་ཏཱ་ཁུ་རེ་དུ་གདན་དྲངས། རབ་བྱུང་བཅོ་ལྔ་པའི་ས་སྤྲེལ(༡༩༠༨)ལོར་དེ་སྔོན་དཔར་བརྐོས་འགོ་ཚུགས་ནས་མཇུག་སྐྱེལ་མ་གྲུབ་པར་ལུས་པའི་བཀའ་འགྱུར་གྱི་ཤིང་དཔར་པོད་བརྒྱ་དང་ལྔ་ཆ་ཚང་མཇུག་སྐྱོང་གནང༌། བྱུང་གོང་གསལ་གྱི་ལྕགས་བྱ(༡༩༢༡)ལོར་ཁལ་ཁའི་ཡུལ་དུ་གསར་བརྗེའི་ལས་འགུལ་བྱུང་ཞིང༌། སྲིད་གཞུང་གསར་པ་ཚུགས་ཏེ་ཕྱིན་ཆད་རྗེ་བཙུན་དམ་པའི་ཡང་སྲིད་ངོས་འཛིན་གདན་ཞུ་བྱེད་མི་ཆོག་པའི་ཁྱབ་བསྒྲགས་བྱས་ཤིང༌། དགུང་ལོ་ང་བཞི་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག(༡༩༢༣)
- language:
- Tibetan
2. Thupten Phuntsok Dictionary
(ཁལ་ཁ་སྐུ་ཕྲེང་བརྒྱད་པ)རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་སྤྱི་ལོ་༡༨༧༠ལོར་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་སྐུ་ཉེར་གཏོགས་པ་ཞོལ་ཚ་གུར་དུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་རྒྱལ་བའི་ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་ང་བཞི་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་སྤྱི་ལོ་༡༩༢༣ལོར་དགོངས་པ་རྫོགས།
- language:
- Tibetan