Skip to main content Skip to search
khu mdo sde 'bar
ID:
T225077
  • ཁུ་མདོ་སྡེ་འབར (Tibetan, Tibetan script, Original)
    • > khu mdo sde 'bar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khu dodé bar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་རབ་བྱུང་དང་པོའི་མཇུག་སྟེ་དུས་རབས་བཅུ་གཉིས་པའི་མཇུག་ཙམ་ལ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཞིག་སྟེ། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་དང་དུས་མཚུངས། ལོ་ཙཱ་བ་འདིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི<<ཞིབ་མོ་རྣམ་འཐག>>བསྒྱུར་བ་སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་པོད[ཙ]པར་ཡོད། ཁ་ཆེའི་པཉི་ཏ་ཛ་ཡ་ཨརྙས་མཛད་པའི་<<དབུ་མ་རྟོག་གེ་ཐོ་བ>>བསྒྱུར་བ་སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་པོད[ཡ]པར་ཡོད། ཐང་པོ་ཆེ་དགོན་པར་ཁུ་པ་ཞེས་པའི་གྲྭ་ཚང་ཞིག་ཡོད་པ་ཡང་ལོ་ཙཱ་བ་འདིའི་ཆོས་བརྒྱུད་འཛིན་མཁན་རྣམས་རྗེས་སུ་ཐང་པོ་ཆེར་གའིས་ཆགས་པའི་མགྲོན་པོ་ཡིན།

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་རབ་བྱུང་དང་པོའི་མཇུག་སྟེ་དུས་རབས་བཅུ་གཉིས་པའི་མཇུག་ཙམ་ལ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཞིག་སྟེ། ལོ་ཙཱ་བ་འདིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཞིབ་མོ་རྣམ་འཐག་བསྒྱུར་བ་སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་པོད[ཙ]པར་ཡོད། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨནྟས་མཛད་པའི་དབུ་མ་རྟོག་གེ་ཐོ་བ་བསྒྱུར་བ་སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་པོད[ཡ]པར་ཡོད། ཐང་པོ་ཆེ་དགོན་པར་ཁུ་པ་ཞེས་པའི་གྲྭ་ཚང་ཞིག་ཡོད་པ་ཡང་ལོ་ཙཱ་བ་འདིའི་ཆོས་བརྒྱུད་འཛིན་མཁན་རྣམས་རྗེས་སུ་ཐང་པོ་ཆེར་གཞིས་ཆགས་པའི་མགྲོན་པོ་ཡིན།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང་ཤ་ར་བ་ཡོན་ཏན་གྲགས (1070—1141) དང་དུས་མཉམ་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་[149]《བསྟན་འགྱུར》ལས《བྱང་ཆུབ་སེམས་ཀྱི་འགྲེལ་བ་ལྷུག་པ་མ》དང་། 《ཞིབ་མོ་རྣམ་པར་འཐག་པའི་རབ་ཏུ་བྱེད་པ》། 《རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ》བཅས་བཞུགས་སོ།།

language:
Tibetan