- khu sher brtson
- ID:
- T225090
- ཁུ་ཤེར་བརྩོན (Tibetan, Tibetan script, Original)
- > khu sher brtson (Tibetan, Latin script, Transliteration-THL Extended Wylie Transliteration)
- > khu sher tsön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲེ་ཆེན་པོ་ཤེས་རབ་འབར་གྱི་སློབ་མ་མཚན་སྙན་ཆེ་བ་ཞིག་སྟེ། རབ་བྱུང་གཉིས་པའི་ཤིང་ཡོས(༡༠༧༥)ལོར་ཡར་ལུང་དུ་སྐུ་འཁྲུངས། འབྲེ་ཆེན་པོ་ཤེས་རབ་འབར་གྱི་དྲུང་དུ་ཕར་ཕྱིན་དང་ཚད་མ་གསན། རྒྱུན་དུ་ཕར་ཕྱིན་དང་ཚད་མའི་དཔེ་ཁྲིད་གནང་བས་སློབ་མ་ཡང་གྲགས་ཅན་མང་ཞིང༌། འདིས་མཛད་པའི<<མངོན་རྟོགས་རྒྱན་གྱི་ཇིཀ>>རྒྱས་འབྲིང་བསྡུས་གསུམ་ཡོད། དགུང་ལོ་དྲུག་ཅུ་རེ་དགུ་པ་རབ་བྱུང་གཉིས་པའི་ཆུ་ཕག་(༡༡༤༣)ལོར་སྐུ་གཤེགས། ལོ་རྒྱུས་ཞིབ་པ་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
འབྲེ་ཆེན་པོ་ཤེས་རབ་འབར་གྱི་སློབ་མ་མཚན་སྙན་ཆེ་བ་ཞིག་སྟེ། རབ་བྱུང་གཉིས་པའི་ཤིང་ཡོས (༡༠༧༥) ལོར་ཡར་ལུང་དུ་སྐུ་འཁྲུངས། འབྲེ་ཆེན་པོ་ཤེས་རབ་འབར་གྱི་དྲུང་དུ་ཕར་ཕྱིན་དང་ཚད་མ་གསན། རྒྱུན་དུ་ཕར་ཕྱིན་དང་ཚད་མའི་དཔེ་ཁྲིད་གནང་བས་སློབ་མ་ཡང་གྲགས་ཅན་མང་ཞིང་། འདིས་མཛད་པའི་མངོན་རྟོགས་རྒྱན་གྱི་ཊིཀ》རྒྱས་འབྲིང་བསྡུས་གསུམ་ཡོད། དགུང་ལོ་དྲུག་ཅུ་རེ་དགུ་པ་རབ་བྱུང་གཉིས་པའི་ཆུ་ཕག (༡༡༤༣) ལོར་སྐུ་གཤེགས།
- language:
- Tibetan