- khus 'debs sman mar
- ID:
- T225145
- ཁུས་འདེབས་སྨན་མར (Tibetan, Tibetan script, Original)
- > khus 'debs sman mar (Tibetan, Latin script, Transliteration-THL Extended Wylie Transliteration)
- > khü deb men mar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་འབྱུང་གདོན་གཟོ་བར་བྱེད་པའི་སྨན་མར་གྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཁུས་འདེབས་སྨན་མར་ནི། བྱེད་ལས་ལ་བལྟོས་ནས་བཏགས་པའི་སྦྱོར་སྡེའི་སྨན་མིང་སྟེ། ཅིའི་ཕྱིར་ཁུས་འདེབས་ཞེས་བརྗོད་ན། འབྱུང་པོའི་གདོན་གྱིས་རྒྱུད་དཀྲུག་ནས་རྣམ་ཤེས་གཞན་དབང་དུ་གྱུར་པ་ལ་སྨན་འདི་བཏང་ན་འབྱུང་གདོན་ལས་གྲོལ་ཏེ་རྣམ་ཤེས་རང་བཞིན་དུ་བག་ཕེབས་པར་འགྱུར་བའི་ཕྱིར་རོ། །ཁུས་འདེབས་ཞེས་སྐད་ཆེན་པོས་བོས་པའི་དོན་ཡིན་པས་འབྱུང་པོའི་གདོན་གྱིས་སེམས་གཞན་དུ་གཡེང་བར་གྱུར་པ་དེ་ཉིད་ལ་སྐད་ཆེན་པོས་ད་ཚུར་་ཅེས་བརྗོད་པ་ལྟར་གྱི་ནུས་པ་ལྡན་པའི་དོན་ནོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan