- khengs po
- ID:
- T225160
- ཁེངས་པོ (Tibetan, Tibetan script, Original)
- > khengs po (Tibetan, Latin script, Transliteration-THL Extended Wylie Transliteration)
- > khengpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཤ་སོགས་ཟས་རིགས་བཙོས་པ་ཡུན་ལོན་ནས་སུངས་དྲི་ངན་པར་མནམ་ཞིང་ཞིང་མཁྲེགས་པོར་གྱུར་པའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། བཙོས་པ་ཡུན་རིང་ནས་ཁེངས་པོར་གྱུར་པའི་ཟས་ཀྱི་རིགས་མཐའ་དག ཅེས་གསུངས་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ཁེངས་པོ་ཟས་བཙོས་ཡུན་ལོན་ནས། སུངས་དྲི་ངན་མནམ་མཁྲེགས་གྱུར་མིང་། ཞེས་གསུངས་པ་ལྟར་དང་། གཞན་དུ་ཁེང་པོ་ཞེས་ཡང་འཇུག་ས་མེད་པའང་མཆིས་པས་དོན་གཅིག་པར་མངོན་ནོ། །
- language:
- Tibetan