Skip to main content Skip to search
kher brgyad
ID:
T225165
  • ཁེར་བརྒྱད (Tibetan, Tibetan script, Original)
    • > kher brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kher gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་བཙན་པོའི་དུས་སྐབས་སུ་དམག་དཔོན་བརྒྱད་ཀྱི་སྡིག་སྦྱོངས་སུ་བཞེངས་པའི་གཙུག་ལག་ཁང་བརྒྱད་ལ་ཟེར། དེ་ཡང་གཙུག་ལག་ཁང་བརྒྱད་བཞེངས་པ་ལ་བརྟེན་ནས་སྡིག་པ་ཐམས་ཅད་ཁེར་བས་ན་ཁེར་བརྒྱད་དེ། ༡གཉེར་སྟག་བཙན་ལྡོང་གཟིགས་ཀྱིས་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོངས་སུ་གླིང་གི་ཁྲི་རྩེའི་གཙུག་ལག་ཁང་བའེངས། ༢པ་ཚབ་སྟོང་པ་དང་སྟོང་འབྱམས་གཉིས་ཀྱིས་འབྱམས་སྟོད་ཀྱི་འཁར་བའི་བཅོམ་པའི་སྡིག་སྦྱོངས་སུ་མརྙ་ར་བའི་གཙུག་ལག་ཁང་བཞེངས། ༣འབྲོ་འཁྲི་ཙུམ་རྗེ་སྟག་སྣང་གིས་ཞང་པོ་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོངས་སུ་བྲག་དམར་ཀ་ཆུའི་གཙུག་ལག་ཁང་བའེངས། ༤ཅོག་རོ་སྐྱེས་བཟང་རྒྱལ་འགོང་གིས་དམེ་བྱས་པའི་སྡིག་སྦྱོངས་སུ་མཁར་སྟོད་གནམ་རུའི་གཙུག་ལག་ཁང་བཞེངས། ༥ཁྱུང་པོ་སྤུ་སྟངས་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་ལུམ་པའི་གཙུག་ལག་ཁང་བཞེངས། ༦རྒྱ་རོ་ལོང་གཟིགས་ཀྱིས་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་མོང་ཏྲའི་ལྷ་ཁང་བཞེངས། ༧ལྕེ་ཁྲི་བཟང་ལྷ་སྦྱིན་གྱིས་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་རྩིས་ཀྱི་ལྷ་ཁང་བཞེངས། ༨སྦས་རྒྱ་ཏོ་རེ་སྟག་སྣང་གིས་བྲན་ཀ་དཔལ་གྱི་ཡོན་ཏན་ལ་མ་ཉེས་པའི་བཀྱོན་ཕབ་པའི་སྡིག་སྦྱོངས་སུ་ཁྲོམ་སྣ་ལྷ་ལུང་སྒོ་སྲུང་བཞེངས་པའོ། །

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་བཙན་པོའི་དུས་སྐབས་སུ་དཔོན་་བརྒྱད་ཀྱི་སྡིག་སྦྱོངས་སུ་བཞེངས་པའི་གཙུག་ལག་ཁང་བརྒྱད་ལ་ཟེར། དེ་ཡང་གཙུག་ལག་ཁང་བརྒྱད་བཞེངས་པ་ལ་བརྟེན་ནས་སྡིག་པ་ཐམས་ཅད་ཁེར་བས་ན་ཁེར་བརྒྱད་དེ། ༡ གཉེར་སྟག་བཙན་ལྡོང་གཟིགས་ཀྱིས་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོངས་སུ་གླིང་གི་ཁྲི་རྩེའི་གཙུག་ལག་ཁང་བཞེངས། ༢ པ་ཚབ་སྟོང་པ་དང་སྟོང་འབྱམས་གཉིས་ཀྱིས་འབྱམས་སྟོད་ཀྱི་འཁར་བཞི་བཅོམ་པའི་སྡིག་སྦྱོངས་སུ་མནྡྷཾ་ར་བའི་གཙུག་ལ་ཁང་བཞེངས། ༣ འབྲོ་འཁྲི་སུམ་རྗེ་སྟག་སྣང་གིས་ཞང་པོ་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོངས་སུ་བྲག་དམར་ཀ་ཆུའི་གཙུག་ལག་ཁང་བཞེངས། ༤ ཅོག་རོ་སྐྱེས་བཟང་རྒྱལ་འགོང་གིས་དམེ་བྱས་པའི་སྡིག་སྦྱོངས་སུ་མཁར་སྟོད་གནམ་རུའི་གཙུག་ལག་ཁང་བཞེངས། ༥ ཁྱུང་པོ་སྤུ་སྟངས་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་ལུམ་པའི་གཙུག་ལག་ཁང་བཞེངས། ༦ རྒྱ་རོ་ལོང་གཟིགས་ཀྱིས་དམག་དཔོན་བྱས་པའི་སྡིག་སྦྱོང་སུ་སྟོད་ལུང་མོང་ཏྲའི་ལི་ཁང་བཞེངས། ༧ ལྕེ་ཁྲི་བཟང་ལྷ་སྦྱིན་གྱིས་གྱིས་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་རྩིས་ཀྱི་ལྷ་ཁང་བཞེངས། ༨ སྦས་རྒྱ་ཏོ་རེ་སྟག་སྣང་གིས་བྲན་ཀ་དཔལ་གྱི་ཡོན་ཏན་ལ་མ་ཉེས་པའི་བཀྱོན་ཕབ་པའི་སྡིག་སྦྱོངས་སུ་ཁྲོམ་སྣ་ལྷ་ལུང་སྒོ་སྲུང་བཞེངས་པའོ། །

language:
Tibetan