- khyad par du 'phags pa'i gnas chen po bzhi
- ID:
- T225244
- ཁྱད་པར་དུ་འཕགས་པའི་གནས་ཆེན་པོ་བཞི (Tibetan, Tibetan script, Original)
- > khyad par du 'phags pa'i gnas chen po bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > khyepardu pakpé né chenpo shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
༡བསྟན་པ་ཕྱི་དར་གྱི་འགོ་ཚུགས་སྐབས་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་འཕན་པོ་རྒྱལ་དུ་བའེངས་པའི་རྒྱལ་ལུགས་ལྷས་ཀྱི་ལྷ་ཁང་ནི་རིན་ཐང་ཆེ་བའི་དངོས་པོ་དང་རྟེན་མང་དུ་བཞུགས་པས་དཀོར་ནོར་གྱིས་ཁྱད་པར་དུ་འཕགས། ༢་རྡོག་བྱང་ཆུབ་འབྱུང་གནས་ཀྱིས་སྙེ་མོ་གཞུ་ཡུལ་དུ་བཁེངས་པའི་ཀུན་དགའ་ར་བ་ནི[ཡོན་བདག་བཟའ་མི་སྟོབས་ཆེན་གཉིས་ཀྱིས་བྱས་པས་བཟའ་མིས་ཁྱད་པར་དུ་འཕགས། ༣དགེ་བཤེས་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་སོགས་དགེ་བཤེས་ཕྱེད་དང་བརྒྱད་ཀྱིས་བཞེངས་པའི་ཐང་པོ་ཆེ་དགོན་པ་ནི་བའེངས་མཁན་མང་ཆེ་བ་དགེ་བཤེས་ཡིན་པས་ཁྱད་པར་དུ་འཕགས། ༤དགེ་བཤེས་གྲྭ་པ་མངོན་ཤེས་ཀྱིས་སྣ་ཤུད་ཀྱི་སོ་མཚམས་སུ་བའེངས་པའི་གྲ་ཐང་ནི་ལྷ་ཁང་གི་བཟོ་བཀོད་ཤིན་ཏུ་ལེགས་པས་ལྷ་ཁང་གིས་ཁྱད་པར་དུ་འཕགས་པ་བཅས་ཡིན།
- language:
- Tibetan
2. Thupten Phuntsok Dictionary
༡ བསྟན་པ་ཕྱི་དར་གྱི་འགོ་ཚུགས་སྐབས་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་འཕན་པོ་རྒྱལ་དུ་བཞེངས་པའི་རྒྱལ་ལུགས་ལྷས་ཀྱི་ལྷ་ཁང་ནི་རིན་ཐང་ཆེ་བའི་དངོས་པོ་དང་རྟེན་མང་དུ་བཞུགས་པས་དཀོར་ནོར་གྱིས་ཁྱད་པར་དུ་འཕགས། ༢ རྔོག་བྱང་ཆུབ་འབྱུང་གནས་ཀྱིས་སྙེ་མོ་གཞུ་ཡུལ་དུ་བཞེངས་པའི་ཀུན་དགའ་ར་བ་ནི་ཡོན་བདག་བཟའ་མི་སྟོབས་ཆེན་གཉིས་ཀྱིས་བྱས་པས་བཟའ་མིས་ཁྱད་པར་དུ་འཕགས། ༣ དགེ་བཤེས་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་སོགས་དགེ་བཤེས་ཕྱེད་དང་བརྒྱད་ཀྱིས་བཞེངས་པའི་ཐང་པོ་ཆེ་དགོན་པ་ནི་བཞེངས་མཁན་མང་ཆེ་བ་དགེ་བཤེས་ཡིན་པས་ཁྱད་པར་དུ་འཕགས། ༤ དགེ་བཤེས་གྲྭ་པ་མངོན་ཤེས་ཀྱིས་སྣ་ཤུད་ཀྱི་སོ་མཚམས་སུ་བཞེངས་པའི་གྲ་ཐང་ནི་ལྷ་ཁང་གི་བཟོ་བཀོད་ཤིན་ཏུ་ལེགས་པས་ལྷ་ཁང་གིས་ཁྱད་པར་དུ་འཕགས་པ་བཅས་ཡིན།
- language:
- Tibetan