Skip to main content Skip to search
khyim bdag dpal sbas
ID:
T225300
  • ཁྱིམ་བདག་དཔལ་སྦས (Tibetan, Tibetan script, Original)
    • > khyim bdag dpal sbas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khyimdak pal bé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔོན་རྒྱ་གརདུ་སངསརྒྱས་ཞལ་བཞུགས་སྐབས་ཡུལ་རྒྱལ་པོའི་ཁབ(རྒྱ་གར་སྐད་དུ་ར་ཇི་གི་ར་ཟེར)ཏུ་ཁྱིམ་བདག་དཔལ་སྦས་ཞེས་བྱ་བ་སྟོབས་འབྱོར་ཆེ་ཞིང་དགེ་བ་བྱེད་པ་ལ་མི་དགའ་བ་ཞིག་ཡོད་པ་དེ་མུ་སྟེགས་པའི་སྟོན་པ་གཉེན་གྱི་བུ་དང་གྲོགས་པོར་གྱུར་ཏེ་མུ་སྟེགས་པས་ཁྱིམ་བདག་ལ་ད་ལྟ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་གནས་པའི་དགེ་སྦྱོང་གོའུ་ཏ་མ་ལ་ཡོན་ཏན་ཅི་ཡང་མེད་རུང་གཡོ་སྒྱུའི་སྒོ་ནས་མི་མང་པོ་མགོ་བསྐོར་ཏེ་ཟས་རྒོས་ཐོབ་པར་བྱེད་པ་འདི་མེད་པར་བྱེད་ཐུབ་ན་ང་གཉིས་ལ་གཏམ་སྙན་གྲགས་ཆེན་པོ་ཡོང་འེས་བློ་མཐུན་ནས་ཁྱིམ་གྱི་སྐོ་དྲུང་དུ་མེ་དོང་ཆེན་པོ་ཐལ་བས་གཡོགས་པ་ཞིག་བཟོས། ཞལ་ཟས་ཚང་མར་དུག་བཏབ་ནས་སངས་རྒྱས་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཀྱང་མེ་དོང་དང་དུག་གིས་མ་གནོད་པར་བརྟེན་ཁྱིམ་བདག་ནང་མི་དང་བཅས་པ་སངས་རྒྱས་ལ་དད་པ་སྐྱེས་ནས་ཕྱིན་ཆད་སངས་རྒྱས་ཆོས་ལུགས་ལ་ཞུགས་པའི་དགེ་འདུན་རྣམས་ཀྱི་ཡོན་བདག་བྱེད་པར་ཁས་བླངས་པའི་གཏམ་རྒྱུད་དེ་ཡིན། ཞིབ་པར<<དཔག་བསམ་འཁྲི་ཤིང>>ཡལ་འདབ་བརྒྱད་པ་དཔལ་སྦས་ཀྱི་རྟོགས་བརྗོད་དུ་གསལ།

language:
Tibetan

2. Thupten Phuntsok Dictionary

དེ་སྔོན་རྒྱ་གར་དུ་སངས་རྒྱས་ཞལ་བཞུགས་སྐབས་ཡུལ་རྒྱལ་པོའི་ཁབ (རྒྱ་གར་སྐད་དུ་ར་ཇི་གི་ར་ཟེར) ཏུ་ཁྱིམ་བདག་དཔལ་སྦས་ཞེས་བྱ་བ་སྟོབས་འབྱོར་ཆེ་ཞིང་དགེ་བ་བྱེད་པ་ལ་མི་དགའ་བ་ཞིག་ཡོད་པ་དེ་མུ་སྟེགས་པའི་སྟོན་པ་གཉེན་གྱི་བུ་དང་གྲོགས་པོར་གྱུར་ཏེ་མུ་སྟེགས་པས་ཁྱིམ་བདག་ལ་ད་ལྟ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་གནས་པའི་དགེ་སྦྱོང་གོའུ་ཏ་མ་ལ་ཡོན་ཏན་ཅི་ཡང་མེད་རུང་གཡོ་སྒྱུའི་སྒོ་ནས་མི་མང་པོ་མགོ་བསྐོར་ཏེ་ཟས་གོས་ཐོབ་པར་བྱེད་པ་འདི་མེད་པར་བྱེད་ཐུབ་ན་ང་གཉིས་ལ་གཏམ་སྙན་གྲགས་ཆེན་པོ་ཡོང་ཞེས་བློ་མཐུན་ནས་ཁྱིམ་གྱི་སྒོ་དྲུང་དུ་མེ་དོང་ཆེན་པོ་ཐལ་བས་གཡོགས་པ་ཞིག་བཟོས། ཞལ་ཟས་ཚང་མར་དུག་བཏབ་ནས་སངས་རྒྱས་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཀྱང་མེ་དོང་དང་དུག་གིས་མ་གནོད་པར་བརྟེན་ཁྱིམ་བདག་ནང་མི་དང་བཅས་པ་སངས་རྒྱས་ལ་དད་པ་སྐྱེས་ནས་ཕྱིན་ཆད་སངས་རྒྱས་ཆོས་ལུགས་ལ་ཞུགས་པའི་དགེ་འདུན་རྣམས་ཀྱི་ཡོན་བདག་བྱེད་པར་ཁས་བླངས་པའི་གཏམ་རྒྱུད་དེ་ཡིན། ཞིབ་པརདཔག་བསམ་འཁྲི་ཤིང》ཡལ་འདབ་བརྒྱད་པ་དཔལ་སྦས་ཀྱི་རྟོགས་བརྗོད་དུ་གསལ།

language:
Tibetan