Skip to main content Skip to search
khyung po g.yu khri
ID:
T225339
  • ཁྱུང་པོ་གཡུ་ཁྲི (Tibetan, Tibetan script, Original)
    • > khyung po g.yu khri (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khyungpo yu tri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིགམཁན་ཆེ་མོ་ཞིགཁོང་ཀིས་དཀྱིལ་འཁོར་འབྲི་ལུགས་ཀྱི་ཐིག་ཚད་འགོད་ཕྱོགས་བཞིན་བོད་ཡིག་དབུ་ཅན་ལ་ཆ་ཚད་གཏན་འབེབས་གནང་སྟེ་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་སྤྱིའི་ཆ་ནས་དེ་ལྟར་གནས། བོད་ལྗོངས་རྒྱལ་རྩེ་དཔལ་མགོན་ཆོས་སྡེའི་ནང་བཞུགས་གསེར་བྲིས་བཀའ་འགྱུར་ཐེམ་སྤངས་མ་ནི་ཁྱུང་པོ་གཡུ་ཁྲིའི་ལུགས་ལྟར་བཞེངས་པའི་ཁྱུང་བྲིས་ཀྱི་དཔེ་མཚོན་ཡིན་པ་དང༌། རྒྱལ་བ་ལྔ་པ་ཆེན་པོའི་དུས་སུ་བཞེངས་པའི་དཔལ་འབྲས་སྤུངས་ཀྱི་བཀའ་འགྱུར་གསེར་བྲིས་འཛམ་གླིང་གཡས་བཞག་ཞུ་བ་དེ་ནི་རྒྱལ་རྩེའི་བཀའ་འགྱུར་ཐེམ་སྤངས་མ་དཔེར་བླངས་ནས་བཞེངས་པ་ཁྱུང་བྲིས་ཀྱི་དཔེ་མཚོན་དུ་འཕོ་ཐུས།

language:
Tibetan

2. Thupten Phuntsok Dictionary

བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེན་མོ་ཞིག ཁོང་གིས་དཀྱིལ་འཁོར་འབྲི་ལུགས་ཀྱི་ཐིག་ཚད་འགོད་ཕྱོགས་བཞིན་བོད་ཡིག་དབུ་ཅན་གྱི་ཆ་ཚད་གཏན་འབེབས་གནང་སྟེ་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་སྤྱིའི་ཆ་ནས་དེ་ལྟར་གནས། ད་ལྟ་ཕྲན་གྱི་བླ་མ་དམ་པ་དིས་ཆུང་བློ་ཆོས་བར་དུ་བྲིས་ཀྱི་བརྒྱུད་པ་བར་མ་ཆད་པ་མ་ཉམས་པ་བཞུགས་ཡོད། ང་ཚོ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་ནས་བརྒྱུད་སྤེལ་ཏེ་སློབ་ཁྲིད་མྱོང་། གཙང་ཚོངས་འདུས་ཁྱུང་པོ་ལྷས་ཞེས་བྱ་བའི་རུས་བརྒྱུད་ཅིག་ཏུ་འཁྲུངས།

language:
Tibetan