Skip to main content Skip to search
khyung po lhas pa
ID:
T225340
  • ཁྱུང་པོ་ལྷས་པ (Tibetan, Tibetan script, Original)
    • > khyung po lhas pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khyungpo lhepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་དངོས་གཞོན་ནུ་བསོད་ནམས་ཞུ། ཀུན་མཁྱེན་འཕགས་པ་འོད་དང༌། བུ་སྟོན་རིན་པོ་ཆེའི་སློབ་མའི་གཙོ་བོ་ཞིག་ཡིན། འཁྲུངས་ཡུལ་ཚོང་འདུས་ཀྱི་ཁྱུང་པོ་ལྷས་ཞེས་བྱ་བར་ཁྱུང་པོའི་རུས་བརྒྱུད་ཅིག་ཏུ་འཁྲུངས། བུ་སྟོན་རིན་པོ་ཆེ་རྩ་བའི་བླ་མར་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྒྱུད་སྡེ་བཞི་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་ཅིང༌། ལྷག་པར་རྒྱུད་སྡེ་འོག་མ་གསུམ་ལ་སྦྱངས་པ་མཐར་ཕྱིན། བུ་སྟོན་རིན་པོ་ཆེས་ཞྭ་ལུ་དགོན་པའི་ནུབ་སྒོའི་སློབ་དཔོན་དུ་བསྐོས། སྐུ་ཚེའི་སྨད་དུ་ཞྭ་ལུ་རི་ཕུག་སི་བྱང་ངོས་སུ་ཆོས་ཕུག་དགོན་པ་བཏབ་ནས་དེར་བཞུགས། སྐུ་འབུམ་མཆོད་རྟེན་སོགས་རྟེན་མང་དུ་བཞེངས་ཤིང་ཆོས་གསུངས་པས་སློབ་མ་མང་པོ་བྱུང་བའི་ནང་ནས་གྲགས་ཆེ་བ་ནི་བདག་ཆེན་བའི་ཐོག་པ་ཀུན་དགའ་བཀྲ་ཤིས་སོགས་ས་སྐྱ་བ་དང༌། མཁས་གྲུབ་ནོར་བཟང་རིན་ཆེན་སོགས་ཞྭ་ལུའི་སློབ་བརྒྱུད་འཛིན་པ་རིམ་བྱུང་རྣམས་དང༌། ལྷག་པར་དུ་རྗེ་ཙོང་ཁ་པ་ཆེན་པོས་དམ་པ་འདིའི་དྲུང་ནས་རྒྱུད་སྡེ་བཞིའི་ཟུར་བཀའི་དབང་རྒྱུན་བོད་དུ་ཡོད་པ་ཕལ་ཆེ་བ་གསན་པས་བཀའ་དྲིན་ཆེ་བའི་རྩ་བའི་བླ་མར་འཛིན་པར་མཛད་པ་རྣམ་ཐར་ཁག་ལས་གསལ་ཞིང་དམ་པ་འདིའི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བ་ཞིག་ད༤ན་མ་རྙེད་ཅིང༌། གསུང་རྩོམ་སྐོར<<རྡོ་རྗེ་འབྱུང་བའི་རྣམ་བཤད>><<འཇམ་དཔལ་གསང་ལྡན་གྱི་དཀྱིལ་ཆོག>>སོགས་ཡོད་ཅེས<<ཞྭ་ལུ་ཆོས་འབྱུང>>ཤིང་དཔར་མའི་ཤོག་གྲངས་༣༩པར་གསལ། དམ་པ་འདིའི་ལོ་རྒྱུས་འདིར་བཀོད་པ་ཡང་ཆོས་འབྱུང་གོང་གསལ་ནས་བསྡུས།

language:
Tibetan

2. Thupten Phuntsok Dictionary

མཚན་དངོས་གཞོན་ནུ་བསོད་ནམས་ཞུ། ཀུན་མཁྱེན་འཕགས་པ་འོད་དང་། བུ་སྟོན་རིན་པོ་ཆེའི་སློབ་མའི་གཙོ་བོ་ཞིག་ཡིན།

language:
Tibetan