- khra bo'i chas
- ID:
- T225386
- ཁྲ་བོའི་ཆས (Tibetan, Tibetan script, Original)
- > khra bo'i chas (Tibetan, Latin script, Transliteration-THL Extended Wylie Transliteration)
- > trawö ché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་གྱི་མདོག་དམར་སེར་ནག་པོ་རྣམས་འདྲེས་པའི་སྦྱོར་བ་བྱས་པའི་རྨའི་སྐྲངས་པ་ཞི་བྱེད་ཀྱི་འབྱར་སྨན་ཞིག་གི་མིང་ཡིན་པས་དེར་ཁྲ་བོའི་ཆས་ཞེས་བཏགས་པ་ཡིན་ཞེས་དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས་གསུངས་ཤིང་། དེའི་སྦྱོར་སྡེ་དངོས་ནི། མན་ངག་ཡོན་ཏན་རྒྱུད་ལས། དེས་མ་ཐུབ་ན་ཁྲ་བོའི་ཆས་ཀྱི་གདུལ། ཡུང་སྐྱེར་ཆུ་རྩ་བཙོད་ཞུན་ཕོ་ཚོས་རམས། སོ་ཐོག་ཝ་སྤྱང་གོང་མོ་སྦྲེ་ཡི་བྲུན། རི་བོང་རིལ་མའི་ཞུན་ནན་གང་འཕྲོད་སྦྱར། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan