Skip to main content Skip to search
khra bzhi zho
ID:
T225397
  • ཁྲ་བཞི་ཞོ (Tibetan, Tibetan script, Original)
    • > khra bzhi zho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tra shyi shyo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྔོན་དུས་བོད་ས་གནས་སྲིད་གཞུང་གི་ཁྲིམས་ཁང་ནས་མི་གསོད་གྱོད་གཞི་ཐག་གཅོད་སྐབས་སྟོང་དང་འཇལ་ཞེས་ཁག་གཉིས་མི་གསོད་མཁན་གྱིས་སྤྲོད་དགོས་པ་དེའི་ནང་ཀསེས་འཇལ་ལ་སྨར་དང༌། ཁྲ། ཟོང་གསུམ་ཡོད་ཅིང༌། དེ་གསུམ་སོ་སོའི་ཞོ་ཚད་དང་སྲང་ཚད་མི་འདྲ་བ་ཡོད་པ་སྟེ། ཁྲ་ཞེས་པའི་ཞོ་ཚད་ནི་ཞོ་བཞི་ལ་སྲང་གང་རྩིས་པའི་བཞི་ཞོ་ཡིན་ཅིང༌། དེ་འབྲུ་ལ་ཕབ་ན་མཁར་རུའི་ཁལ་སུམ་ཅུ་སོ་གཉིས་ཀྱི་རིན་ཐང་སྟེ་བརྒྱད་ཞོའི་ཕྱེད་ཀའི་ཚད་ཡིན།

language:
Tibetan

2. Thupten Phuntsok Dictionary

སྔོན་དུས་བོད་ས་གནས་སྲིད་གཞུང་གི་ཁྲིམས་ཁང་ནས་མི་གསོད་གྱོད་གཞི་ཐག་གཅོད་སྐབས་སྟོང་དང་འཇལ་ཞེས་ཁག་གཉིས་མི་གསོད་མཁན་གྱིས་སྤྲོད་དགོས་པ་དེའི་ནང་གསེས་འཇལ་ལ་སྨར་དང་། ཁྲ། ཟོང་གསུམ་ཡོད་ཅིང་། དེ་གསུམ་སོ་སོའི་ཞོ་ཚད་དང་སྲང་ཚད་མི་འདྲ་བ་ཡོད་པ་སྟེ། ཁྲ་ཞེས་པའི་ཞོ་བཞི་ལ་སྲང་གང་རྩིས་པའི་བཞི་ཞོ་ཡིན་ཅིང་། དེ་འབྲུ་ལ་ཕབ་ན་མཁར་རུའི་ཁལ་སུམ་ཅུ་སོ་གཉིས་ཀྱི་རིན་ཐང་སྟེ་བརྒྱད་ཞོའི་ཕྱེད་ཀའི་ཚད་ཡིན།

language:
Tibetan