Skip to main content Skip to search
khrag dbal chags
ID:
T225421
  • ཁྲག་དབལ་ཆགས (Tibetan, Tibetan script, Original)
    • > khrag dbal chags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trak wal chak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མཚོན་ཁྲག་དྲོད་ཀྱིས་སྐམ་ནས་རྨའི་ནང་དུ་ཁྲག་རོ་རྡོག་པོར་གྱུར་པའི་དོན་ཏེ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན་ལས། ཁྲག་དབལ་ནི། ཁྲག་རོ་འདྲིལ་བའོ། །ཞེས་དང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཁྲག་དབལ་ཆགས་ནི། རྨའི་ནང་དུ་ཁྲག་རོ་དྲོད་ཀྱིས་སྐམ་ནས་འདྲིལ་བའོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan