Skip to main content Skip to search
khri kun bzang grags pa rdo rje
ID:
T225455
  • ཁྲི་ཀུན་བཟང་གྲགས་པ་རྡོ་རྗེ (Tibetan, Tibetan script, Original)
    • > khri kun bzang grags pa rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri kunzang drakpa dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མངའ་རིས་གུང་ཐང་སྐོ་མང་གཙུག་ལག་ཁང་གི་ཆོས་དཔོན་ཀུན་དགའ་བློ་གྲོས་དང༌། ཁྲི་ཀུན་དགའ་རྣམ་རྒྱལ་ལྡེའི་བཙུན་མོ་གུ་གེ་མ་དཀོན་མཆོག་བཟང་མོ་འདུས་པའི་སྲས་ཡིན། རབ་བྱུང་དགུ་པའི་ས་བྱི(༡༥༢༨)ལོར་འཁྲུངས། ཐོག་མར་བཀྲ་ཤིས་ནམ་གླིང་དུ་ཆོས་སྐོར་ཞུགས་ཏེ། དགེ་འདུན་སྤྱིའི་ལས་རིམ་རྣམས་མཛད་ནས་ཆོས་དཔོན་དང་མཁན་པོ་ཡང་མཛད། རྗེས་སུ་མངའ་རིས་གུང་ཐང་རྒྱལ་པོར་གདུང་རྒྱུད་དཀོན་པར་བརྟེན། ལྷ་རྣམ་འཕྲུལ་རྒྱལ་པོའི་ལས་རོགས་སུ་ཕེབས་ནས་མཉམ་དུ་བཞུགས་དགོས་བྱུང༌། དེ་ཡང་ཁྲི་བཀྲ་ཤིས་དཔལ་འབར་གྱི་བཙུན་མོ་ཡར་འབྲོག་སྣང་དཀར་རྩེ་ནས་ཡིན་པ་ཚེ་རིང་རྒྱལ་མོས་མི་ངན་གཞན་དང་ངན་གྲོས་བྱས་ཏེ་བདག་མོ་གུ་གེ་མ་དཀོན་མཆོག་བཟང་མོ་ལྐོག་བཀྲོངས་བྱས་ཤིང༌། དེ་རྗེས་ཁྲི་ཀུན་བཟང་ཉི་ཟླ་གྲགས་པ་དང༌། ཀུན་བཟང་གྲགས་པ་རྡོ་རྗེ་གཉིས་ཀྱང་བཀྲོངས་ནས་མངའ་རིས་གུང་ཐང་གི་སྲིད་དབང་སྡེ་པ་རིན་སྤུངས་པར་རྩིས་སྤྲོད་རྒྱུའི་བསམ་ངན་བཅངས་ཏེ་གཤེད་མ་མངགས་ཀྱང༌། སྒོ་མང་དང་ནམ་གླིང་བུ་ལག་གསུམ་གྱི་གདོང་ལེན་པ་འབྱོར་སྟེ་ཁྲི་སྐུ་མཆེད་གཉིས་བཀྲོང་མ་ཐུབ་ཅིང༌། བདག་མོ་ཡར་འབྲོཀ་མ་རང་ཡུལ་དུ་ཕྱིར་སློག་ཐོགབདག་མོ་གུ་གེ་མ་བཀྲོང་མཁན་རྣམས་སྲོག་ཐོས་ཏུ་བཏང༌། དེ་རྗེས་སླར་ཡང་བདག་མོ་ཡར་འབྲོག་མས་རིན་སྤུངས་ནས་དམག་བཏང་སྟེ་དཔལ་ཁུད་བར་བླངས་ཤིང༌། ལྷོ་ཤེལ་དཀར་ཡང་འོག་ཏུ་བསྡུས་པ་བཅས་བྱས་སྟབས། ཁྲི་ཀུན་བཟང་གྲགས་པ་རྡོ་རྗེས་དམག་དཔོན་མཛད་དེ་རིན་སྤུངས་པའི་དམག་ཕམ་ཉེས་སུ་བཏང༌། ལྷོ་ཤེལ་དཀར་རྒྱལ་པོའི་སྲས་རྒན་གཞོན་གཉིས་རིན་སྤུངས་པས་མི་གཏེར་ཉར་བ་དང༌། ཤེལ་དཀར་རྫོང་དང་བཅས་པ་ཚུར་བླངས་ནས་སྲས་ཆེ་བ་བྱེ་ས་ལྷོ་ཤེལ་དཀར་གྱི་བདག་པོར་བསྐོས་ཤིང༌། སྲས་ཀཞོན་པ་ནམ་མཁའ་ལྷུན་གྲུབ་རྒྱལ་རྩེའི་བདག་མོ་དཀོན་མཆོག་རྒྱལ་མོའི་མག་པར་བཏང་བ་སོགས་དམག་ཇུས་ལམ་ལྷོང་བྱུང༌། དགུང་ལོ་སོ་བརྒྱད་པ་རབ་བྱུང་དགུ་པའི་ཤིང་གླང་(༡༥༦༥)ལོར་གཤེགས། ལོ་རྒྱུས་སྐོར<<བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ>>ཞེས་པའི་ཤོག་གྲངས༡༣༩ནས༡༤༡བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

མངའ་རིས་གུང་ཐང་སྒོ་མང་གཙུག་ལག་ཁང་གིས་ཆོས་དཔོན་ཀུན་དགའ་བློ་གྲོས་དང་། ཁྲི་ཀུན་དགའ་རྣམ་རྒྱལ་ལྡེའི་བཙུན་མོ་གུ་གེ་མ་དཀོན་མཆོག་བཟང་མོ་འདུས་པའི་སྲས་ཡིན། རབ་བྱུང་དགུ་པའི་ས་བྱི (༡༥༢༨) ལོར་འཁྲུངས། དགུང་ལོ་སོ་བརྒྱད་པ་རབ་བྱུང་དགུ་པའི་ཤིང་གླང (༡༥༦༥) ལོར་གཤེགས།

language:
Tibetan