Skip to main content Skip to search
khri kun bzang nyi zla grags pa
ID:
T225456
  • ཁྲི་ཀུན་བཟང་ཉི་ཟླ་གྲགས་པ (Tibetan, Tibetan script, Original)
    • > khri kun bzang nyi zla grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri kunzang nyida drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མངའ་རིས་གུང་ཐངགི་རྒྱལ་པོ་ཁྲི་ཀུན་དགའ་རྣམ་རྒྱལ་ལྡེ་དང༌། བཙུན་མོ་གུ་གེ་མ་དཀོན་མཆོག་བཟང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཤིང་ཁྱི(༡༥༡༤)ལོར་འཁྲུངས། བྱིས་པའི་དུས་ནས་ཀུན་སྤྱོད་བཟང་ཞིང་བློ་གྲོས་ཆེ། དགུང་ལོ་བཅུ་དྲུག་པར་སྲིད་དབང་བཟུང་ཞིང༌། དཔའ་རྩལ་ལྡན་ལ་སྲིད་དོན་སྐྱོང་མཁས་པ་ཞིག་བྱུང༌། གསང་སྔགས་སྔ་འགྱུར་གྱི་ལུགས་ལ་དད་མོས་ཆེ་བས་རྟེན་གསུམ་མང་དུ་བཞེངས། རྒྱལ་པོའི་ཕོ་བྲང་དགའ་ལྡན་བཀྲ་ཤིས་རབ་བརྟན་གསར་དུ་འཛུགས་སྐྲུན་ཐོགལྡེབས་བྲིས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་བཀོད་པ་དང༌། བོད་ཀྱི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་སྣྲ་བཅས་རི་མོའི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་བཞེངས། རང་ཉིད་གསང་སྔགས་སྔ་འགྱུར་ལ་དད་པ་ཆེ་ཡང༌། གྲུབ་མཐའ་གཞན་ལ་ཕྱོགས་རིས་ཉེ་རིང་མི་མཛད། ཁྲིམས་ལུགས་དྲང་པོར་སྲོང་ཞིང་བྱ་དགའ་ཆད་གཅོད་གང་དང་གང་འོས་དུས་ཐོག་ཏུ་གནང་བས་ཁྲིམས་སྒོ་ནོན་འིང་རྒྱལ་ཁམས་བདེ་འཇགས་སུ་གནས་པ་བྱུང༌། གུང་ཐང་ཆོས་གྲྭ་ཆེན་པོར་གཞུང་ཆེན་པོ་ལྔར་སློབ་གཉེར་དང་གྲྭ་སྐོར་གྱི་སྲོལ་བཟང་པོ་བཙུགས། སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་རིག་འཛིན་མཆོག་ལྡན་མགོན་པོ་དང༌། དཀར་ཀུན་དགའ་གྲགས་པ། གཏེར་ཆེན་བསྟན་གཉིས་གླིང་པ། རིག་འཛིན་ཡོལ་མོ་བ་ཤཱཀྱ་བཟང་པོ་སོགས་རྩ་བའི་བླ་མར་བསྟེན་ནས་སྔ་འགྱུར་གྱི་ཆོས་མང་པོ་གསན། སྐུ་ཚེའི་སྨད་ལ། ཁྲི་རྒྱལ་བསམ་འགྲུབ་ལྡེའི་སྲས་ཁྲི་བཀྲ་ཤིས་དཔལ་འབར་ལ་སྲིད་དབང་འཛིན་དུ་བཅུག་སྟེ་རང་ཉིད་སྒོ་མང་གཙུག་ལག་ཁང་གི་ཆོས་དཔོན་མཛད་དེ་མཚམས་བཅད་དམ་པོར་བཞུགས། དགུང་ལོ་བཞི་བཅུ་ཞེ་བདུན་པ་རབ་བྱུང་དགུ་པའི་ལྕགས་སྤྲེལ(༡༥༦༠)ལོར་གཤེགས། ལོ་རྒྱུས་སྐོར<<བོད་ཀྱི་དེབ་ཐེར་ཁག་ལྔ>>ལྕགས་དཔར་མའི་ཤོག་གྲངས༡༣༥ནས༡༣༨བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་ཀུན་དགའ་རྣམ་རྒྱལ་ལྡེ་དང་། བཙུན་མོ་གུ་གེ་མ་དཀོན་མཆོག་བཟང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཤིང་ཁྱི (༡༥༡༤) ལོར་འཁྲུངས་། རབ་བྱུང་དྲུག་པའི་ཤིང་སྦྲུལ (༡༥༦༠) ལོར་གཤེགས།

language:
Tibetan