Skip to main content Skip to search
khri rgyal bsam 'grub lde
ID:
T225464
  • ཁྲི་རྒྱལ་བསམ་འགྲུབ་ལྡེ (Tibetan, Tibetan script, Original)
    • > khri rgyal bsam 'grub lde (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri gyal sam drub dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་ཀུན་བཟང་གྲགས་པ་རྡོ་རྗེ་དང༌། ཁྲི་ཀུན་བཟང་རྣམ་འཕྲུལ་རྒྱལ་པོའི་བཙུན་མོ་གློ་བོ་བདག་མོ་བསོད་ནམས་རྒྱལ་མོ་འདུས་པ་ལས་འཁྲུངས(འདིའི་འཁྲུངས་ལོ་གང་ཡིན་མི་གསལ། འགའ་ཞིག་གིས་ཁྲི་ཀུན་བཟང་རྣམ་འཕྲུལ་རྒྱལ་པོ་རང་གི་སྲས་ཡིན་ཀྱང་ཟེར)རབ་བྱུང་དགུ་པའི་ས་ལུག(༡༥༥༩)ལོར་སྐྱིད་གྲོང་ཤེར་པ(གཞེར་པ)ངོ་ལོག་པ་རྣམས་ཚར་བཅད། ཁྲི་བསམ་ལྡེ་རང་ཉིད་ས་སྐྱར་ཕེབས་ནས་བདག་ཆེན་ཀུན་དགའ་རིན་ཆེན་གྱི་དྲུང་ནས་ཆོས་གསན། བདག་ཆེན་དེའི་སྲས་མོ་རིན་ཆེན་སྒྲོལ་མ་བཙུན་མོར་བླངས་ཤིང་ལོ་ཤས་རིང་དུས་བདེ་ཞོད་འཇགས་བྱུང༌། དེ་ནས་དབོན་བཙུན་ཧེ་རུ་ཀ་སོགས་སྐྱིད་གྲོང་པ་རྣམས་ངོ་ལོག་སྟེ་གོར་ཁ་དཔོན་ལ་མགོ་བཏགས། རྒོར་ཁས་རག་མའི་རྫོང་བཟུང་ནས་ལོ་དགུའི་རིང་སེ་པ་ཚོ་རེ་ནས་སྨར་ཟོང་སུམ་ཅུ་གཅིག་རེ་བསྡུས། དེ་ནས་དབོན་བཙུན་པ་སོགས་ལ་དམག་བཏང་སྟེ་སླར་ཡང་མངའ་འོག་ཏུ་བསྡུས། རབ་བྱུང་བཅུ་པའི་ཆུ་སྦྲུལ(༡༥༩༣)ལོར་བདག་མོ་དང་གཉིས་ཀ་གཤེགས། ལོ་རྒྱུས་སྐོར<<བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ>>ཞེས་པའི་ཤོག་གྲངས༡༤༡ནས་༡༥བར་གསལ།

language:
Tibetan

2. Thupten Phuntsok Dictionary

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་ཀུན་བཟང་གྲགས་རྡོ་རྗེ་དང་། ཁྲི་ཀུན་བཟང་རྣམ་འཕྲུལ་རྒྱལ་པོའི་བཙུན་མོ་གློ་བོ་བདག་མོ་བསོད་ནམས་རྒྱལ་མོ་འདུས་པ་ལས་འཁྲུངས (འདིའི་འཁྲུངས་ལོ་གང་ཡིན་མི་གསལ། འགའ་ཞིག་གིས་ཁྲི་ཀུན་བཟང་རྣམ་འཕྲུལ་རྒྱལ་པོ་རང་གི་སྲས་ཡིན་ཀྱང་ཟེར) རབ་བྱུང་དགུ་པའི་ས་ལུག (༡༥༥༩) ལོར་སྐྱིད་གྲོང་ཤེར་པ (གཞེར་པ) ངོ་ལོག་པ་རྣམས་ཚར་བཅད། ཁྲི་བསམ་ལྡེ་རང་ཉིད་ས་སྐྱར་ཕེབས་ནས་བདག་ཆེན་ཀུན་དགའ་རིན་ཆེན་གྱི་དྲུང་ནས་ཆོས་གསན། བདག་ཆེན་དེའི་སྲས་མོ་རིན་ཆེན་སྒྲོལ་མ་བཙུན་མོར་བླངས་ཤིང་ལོ་ཤས་རིང་དུས་བདེ་ཞོད་འཇགས་བྱུང་། དེ་ནས་དབོན་བཙུན་ཧེ་རུ་ཀ་སོགས་སྐྱིད་གྲོང་པ་རྣམས་ངོ་ལོག་སྟེ་གོར་ཁ་དཔོན་ལ་མགོ་བཏགས། གོར་ཁས་རག་མའི་རྫོང་བཟུང་ནས་ལོ་དགུའི་རིང་སེ་པ་ཚོ་རེ་ནས་སྨར་ཟོང་སུམ་ཅུ་གཅིག་རེ་བསྡུས། དེ་ནས་དབོན་བཙུན་པ་སོགས་ལ་དམག་བཏང་སྟེ་སླར་ཡང་མངའ་འོག་ཏུ་བསྡུས། རབ་བྱུང་བཅུ་པའི་ཆུ་སྦྲུལ (༡༥༩༣) ལོར་བདག་མོ་དང་གཉིས་ཀ་གཤེགས། ལོ་རྒྱུས་སྐོར་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ཞེས་པའི་ཤོག་གྲངས་༡༤༡ནས་༡༤༢བར་གསལ།

language:
Tibetan