- khri rgyal bsod nams dbang phyug lde
- ID:
- T225466
- ཁྲི་རྒྱལ་བསོད་ནམས་དབང་ཕྱུག་ལྡེ (Tibetan, Tibetan script, Original)
- > khri rgyal bsod nams dbang phyug lde (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri gyal sönam wangchuk dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མངའརིས་གུང་ཐང་རྒྱལ་པོའི་རྒྱལ་རབས་ཉི་ཤུ་རྩ་བཞི་བྱུང་བའི་ཐ་མ་དེ་ཡིན། ཁྲི་ཀུན་བཟང་གྲགས་པ་རྡོ་རྗེས་ས་སྐྱ་བདག་ཆེན་ཀུན་དགའ་རིན་ཆེན་གྱི་སྲས་མོ་རིན་ཆེན་སྒྲོལ་མ་བཙུན་མོར་བླངས་པའི་སྲས་སུ། རབ་བྱུང་བཅུ་པའི་མེ་གླང་(༡༥༧༧)ལོར་འཁྲུངས། དགུང་ལོ་བཅུ་བདུན་པ་རབ་བྱུང་བཅུ་པའི་ཆུ་སྦྲུལ(༡༥༩༣)ལོར་ཡབ་ཡུམ་གཉིས་ཀ་གཤེགས་སྟེ་དགོངས་རྫོགས་རྣམས་ལེགས་པར་གྲུབ་རྗེས་སྲིད་ཁྲིར་བཀོད། དེའི་ཕྱི་ལོ་དེར་ལྕང་ཤེར་རོང་གསུམ་གཅིག་ཏུ་སྒྲིལ་བའི་དམག་གིས་མཐའ་བསྐོར་དུ་བྱུང་བ་རྣམས་ཚར་བཅད། ལོ་རྗེས་མར་ལྕང་ཤེར་རོང་གསུམ་གྱིས་མགོ་སྒུར་ནས་གུ་ཡངས་ཐག་གཅོད་མཛད། ས་སྐྱ་ཁྲི་ཆེན་བསོད་ནམས་དབང་པོ་དང༌། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་སོགས་བླ་མར་བསྟེན་ནས་གསང་སྔགས་གསར་རྙིང་གི་ཆོས་མང་དུ་ཞུས། སྔ་ཕྱིར་ཡས་མས་ནས་དགྲ་བོའི་གནོད་འཚེ་མང་དུ་བྱུང་ཞིང༌། ནང་བློན་ཁག་གཅིག་གིས་གཙང་པ་རྒྱལ་པོ་ཕུན་ཚོགས་དང་གུང་ཐང་རྒྱལ་བརྒྱུད་བར་དཀྲུགས་ཤིང་དབྱེན་སྦྱོར་བྱས་པའི་རྐྱེན་གྱིས་རབ་བྱུང་བཅུ་པའི་ས་ལུག(༡༦༡༩)ལོར་གཙང་པ་རྒྱལ་པོའི་དམག་གིས་མངའ་རིས་གུང་ཐང་མཐའ་བསྐོར་བར། གདོང་ལེན་དམག་འཐབ་བྱས་ན་རང་ཕྱོགས་མི་རྒྱུ་གཉིས་ཀར་གྱོང་གུན་ཚབས་ཆེན་ཡོང་བར་དགོངས་ཏེ་གཙང་པ་རྒྱལ་པོར་མགོ་སྒུར། དེ་རྗེས་གཙང་པས་ལྷོ་ཤེལ་དཀར་དུ་བཟང་བཙོན་ལྟ་བུར་བཞག་པ་ལོ་ངོ་གཅིག་ཙམ་ནས་གཤེགས། རྒྱལ་པོ་དེ་ནས་བཟུང་མི་བརྒྱུད་ལ་བུ་མོ་མ་གཏོགས་བུ་གཅིག་ལས་མ་བྱུང་ཞིང༌། དེ་ཡང་ཆོས་སྒོར་ཞུགས་ཏེ་ཁྱིམ་བཙུན་གྱི་ཚུལ་བཟུང་བ་བཅས་མངའ་རིས་གུང་ཐང་གི་རྒྱལ་བརྒྱུད་མཇུག་རྫོགས་པ་ཡིན། ཞིབ་པར<<བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ>>ཞེས་པའི་ཤོག་གྲངས༡༤༢ནས༡༤༥བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
མངའ་རིས་གུང་ཐང་རྒྱལ་པོའི་རྒྱལ་རབས་ཉི་ཤུ་རྩ་བཞི་བྱུང་བའི་ཐ་མ་དེ་ཡིན། ཁྲི་ཀུན་བཟང་གྲགས་པ་རྡོ་རྗེས་ས་སྐྱ་བདག་ཆེན་ཀུན་དགའ་རིན་ཆེན་གྱི་སྲས་མོ་རིན་ཆེན་སྒྲོལ་མ་བཙུན་མོར་བླངས་པའི་སྲས་སུ། རབ་བྱུང་བཅུ་པའི་མེ་གླང (༡༥༧༧) ལོར་འཁྲུངས། དགུང་ལོ་བཅུ་བདུན་པ་རབ་བྱུང་བཅུ་པའི་ཆུ་སྦྲུལ (༡༥༩༣) ལོར་ཡབ་ཡུམ་གཉིས་ཀ་གཤེགས་ཏེ་དགོངས་རྫོགས་རྣམས་ལེགས་པར་གྲུབ་རྗེས་སྲིད་ཁྲིར་བཀོད། རབ་བྱུང་བཅུ་པའི་ས་ལུག (༡༦༡༩) ལོར་གཙང་པ་རྒྱལ་པོའི་དམག་གིས་མངའ་རིས་གུང་ཐང་མཐའ་བསྐོར་བར། གདོང་ལེན་དམག་འཐབ་བྱས་ན་རང་ཕྱོགས་མི་རྒྱུ་གཉིས་ཀར་གྱོང་གུད་ཚབས་ཆེན་ཡོང་བར་དགོངས་ཏེ་གཙང་པ་རྒྱལ་པོར་མགོ་སྒུར། དེ་རྗེས་གཙང་པ་ལྷོ་ཤེལ་དཀར་དུ་བཟང་བཙོན་ལྟ་བུར་བཞག་པ་ལོ་ངོ་གཅིག་ཙམ་ནས་གཤེགས།
- language:
- Tibetan