Skip to main content Skip to search
khri chung
ID:
T225467
  • ཁྲི་ཆུང (Tibetan, Tibetan script, Original)
    • > khri chung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་བཙན་པོའི་སྲིད་དབང་སིལ་བུར་འཐོར་བའི་རྗེས་སུ་གདུང་བརྒྱུད་རྣམས་སྟོད་སྨད་བར་གསུམ་དུ་ཁ་འཐོར་ནས་ཆགས་པའི་གྲས་སྨད་ཀྱི་ལྡེ་གསུམ(༡་དཔལ་ལྡེ། ༢འོད་ལྡེ། ༣་སྐྱིད་ལྡེ)བྱུང་བའི་ལྡེ་ལ་སྲས་བཞི(༡་ཕ་བ་དེ་སེ། ༢ཁྲི་ལྡེ། ༣་ག་ལྡེ། ༤ཁྲི་ཆུང)ཡོད་པའི་ཆུང་ཤོས་ཡིན། འདིས་དབུས་སུ་ཕེབས་ཏེ་ཡུམ་བརྟན་གྱི་བརྒྱུད་པ་མགོན་ནེ་ཡར་ལུང་འཕྱིང་བ་རྩེ་ཁུང་དུ་བཞུགས་པ་ལ་གྱོད་བཙུགས་དེ། དེ་སྔོན་ཡུམ་བརྟན་རྒྱུད་ཀྱི་འོད་སྲུང་ཕྱོགས་ནས་ཕྲོགས་པའི་མཁར་ཕྱིང་བ་རྩེ་ཁུང་སླར་ཡང་ཚུར་ཐོབ་ནས་ཡར་ལུང་དུ་གཞིས་ཆགས་ཏེ་འབངས་རྣམས་ཀྱིས་རྩིགས་ནས་ཕུལ་བའི་སྐུ་མཁར་འབངས་བརྩིགས་ཞེས་གྲགས་པ་བྱུང་ཞིང༌། དེའི་སྲས་འོད་སྐྱིད་འབར་ནས་བཟུང་རབ་བྱུང་བདུན་པའི་ཤིང་ཡོས(༡༣༧༥)ལོར་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སྐུ་གཤེགས་པའི་བར་ཡར་ལུང་ཇོ་བོའི་གདུང་རྒྱུད་ལྷ་བཙུན་ཚུལ་ཁྲིམས་བཟང་པོ་ཞུགས་ཡོད་ཚུལ<<ཡར་ལུང་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༡༦༣ནས༡༦༢བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་བཙན་པོའི་སྲིད་དབང་སིལ་བུར་འཐོར་བའི་རྗེས་སུ་གདུང་བརྒྱུད་རྣམས་སྟོད་སྨད་བར་གསུམ་དུ་ཁ་འཐོར་ནས་ཆགས་པའི་གྲས་སྨད་ཀྱི་ལྡེ་གསུམ (༡ དཔལ་སྡེ། ༢ འོད་ལྡེ། ༣ སྐྱིད་ལྡེ) བྱུང་བའི་ལྡེ་ལ་སྲས་བཞི (༡ ཕ་བ་དེ་སེ། ༢ ཁྲི་ལྡེ། ༣ ཉག་ལྡེ། ༤ ཁྲི་ཆུང) ཡོད་པའི་ཆུང་ཤོས་ཡིན། འདིས་དབུས་སུ་ཕེབས་ཏེ་བརྟན་གྱི་བརྒྱུད་པ་མགོན་ནེ་ཡར་ལུང་འཕྱིང་བ་རྩེ་ཁུང་དུ་བཞུགས་པ་ལ་གྱོད་བཙུགས་སྟེ། དེ་སྔོན་ཡུམ་བརྟན་རྒྱུད་ཀྱི་འོད་སྲུང་ཕྱོགས་ནས་འཕྲོག་པའི་མཁར་ཕྱིར་བ་རྩེ་ཁུང་སླར་ཡང་ཚུར་ཐོབ་ནས་ཡར་ལུང་དུ་གཞིས་ཆགས་ཏེ་འབངས་རྣམས་ཀྱིས་རྩིགས་ནས་ཕུལ་བའི་སྐུ་མཁར་འབངས་བརྩིགས་ཞེས་གྲགས་པ་བྱུང་ཞིང་། དེའི་སྲས་འོད་སྐྱིད་འབར་ནས་བཟུང་རབ་བྱུང་བདུན་པའི་ཤིང་ཡོས (༡༣༧༥) ལོར་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སྐུ་གཤེགས་པའི་བར་ཡར་ལུང་ཇོ་བོའི་གདུང་རྒྱུད་ལྷ་བཙུན་ཚུལ་ཁྲིམས་བཟང་པོ་ཞུགས་ཡོད་ཚུལཡར་ལུང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༡༦༣ནས༡༦༢བར་གསལ་བ་དེར་གཟིགས།

language:
Tibetan