- khri chen dkon mchog chos 'phel
- ID:
- T225468
- ཁྲི་ཆེན་དཀོན་མཆོག་ཆོས་འཕེལ (Tibetan, Tibetan script, Original)
- > khri chen dkon mchog chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen könchok chö pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་སོ་ལྔ་པ)རབ་བྱུང་བཅུ་པའི་ཆུ་བྱ(༡༥༧༣)ལོར་གྲ་ནང་མར་འཁྲུངས། པཎ་ཆེན་བྱམས་པ་གླིང་པའི་སྐྱེ་བར་གྲགས། དྭགས་པོ་གྲྭ་ཚང་དང་རྭ་སྟོད་དུ་སློབ་གཉེར་མཛད། གཞོན་ནུའི་དུས་འཆད་༡ན་ཤིན་ཏུ་དམར་བས་ཕྲུག་གུ་རབ་འབྱམས་པར་གྲགས། རྩེད་ཐང་དུ་རབ་འབྱམས་པའི་གྲྭ་སྐོར་མཛད། ཁྲི་ལོ་མ་མཐུན་པ་འགའ་ཞིག་སྣང་ཡང་དགུང་གྲངས་ང་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་སྟག(༡༦༢༦)ལོ་ནས་ལོ་དགུ་རིང་ཁྲིར་བཞུགས། དེའི་ཕྱི་ལོར་ཟུར་བཞུགས་མཛད་མུར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡོངས་འཛིན་དུ་གདན་དྲངས། གཞུང་ཆེན་པོ་ལྔའི་གསན་བཞེས་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་བཀའ་མང་པོ་གསན་ཏེ་བཀའ་དྲིན་ཆེ་བའི་བླ་མར་འཛིན་པར་མཛད། རབ་བྱུང་བཅུ་པའི་ལྕགས་བྱ(༡༦༢༡)ལོར་སོག་པོ་ལྷ་བཙུན་ཆེ་ཆུང་གི་དམག་གིས་གཙང་པ་རྒྱལ་པོའི་དམག་དཔུང་རྣམས་སྲོག་ཐོག་གཏོང་བར་ཉེ་བ་དམ་པ་འདིས་སྲོག་བསྐྱབས་པར་མཛད། དགུང་ལོ་དོན་བཞི་བཞེས་པར་རབ་བྱུང་བཅུ་གཅིག་པའི་མེ་ཁྱི(༡༦༤༦)ལོར་དགོངས་པ་རྫོགས། རྣམ་ཐར་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེས་མཛད་པ། ཁ་བྱང་དུ<<འཇམ་དཔལ་དབྱངས་ཆོས་ཀྱི་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན>>ཞེས་འཁོད་པ༌གསུང་འབུམ་པོད(༡)པར་ཤོག་གྲངས༡༡༧ཡོད། །
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་སོ་ལྔ་པ) རབ་བྱུང་བཅུ་པའི་ཆུ་བྱ (༡༥༧༣) ལོར་གྲ་ནང་མར་འཁྲུངས། པཎ་ཆེན་བྱམས་པ་གླིང་པའི་སྐྱེ་བར་གྲགས། གཞོན་ནུའི་དུས་ནས་འཆད་ཉན་ཤིན་ཏུ་དམར་བས་ཕྲུ་གུ་རབ་འབྱམས་པར་གྲགས། ཁྲི་ལོ་མ་མཐུན་པ་འགའ་ཞིག་སྣང་ཡང་དགུང་གྲངས་ང་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་སྟག (༡༦༢༦) ལོ་ནས་ལོ་དགུ་རིང་ཁྲིར་བཞུགས། དགུང་ལོ་དོན་བཞི་བཞེས་པར་རབ་བྱུང་བཅུ་གཅིག་པའི་མེ་ཁྱི (༡༦༤༦) ལོར་དགོངས་པ་རྫོགས།
- language:
- Tibetan