- khri chen mkhyen rab yon tan
- ID:
- T225472
- ཁྲི་ཆེན་མཁྱེན་རབ་ཡོན་ཏན (Tibetan, Tibetan script, Original)
- > khri chen mkhyen rab yon tan (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen khyen rab yönten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ)ཡོངས་གྲགས་སུ་ལྕང་རྒྱབ་ཁྲི་ཆེན་ཞུ་བ་དེ་ཡིན། དབུས་སྟོད་འབྲི་གུང་རྒྱུད་དུ་སྐུ་འཁྲུངས། ལྷ་སར་ཕེབས་ནས་ཐོག་མར་སྒོ་མང་གུར་རུ་ཁང་ཚན་དུ་སྒྲིགས་ཞུགས་མཛད་ཀྱང༌། ཐོབ་ཁུངས་ལ་བརྟེན་པའི་རྩོད་གླེང་བྱུང་བར་འབྲས་སྤུངས་བློ་གསལ་གླིང་དུ་སྒྲིགས་ཞུགས་མཛད་དགོས་བྱུང༌། གཞུང་ཆེན་པོའི་སློབ་གཉེར་ཐོན་ནས་དགེ་བཤེས་ལྷ་རམས་པ་གནང་རྗེས། རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གསང་སྔགས་ཀྱི་སློབ་གཉེར་དང་ཆབས་ཅིག་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན། རིམ་བཞིན་རྒྱུད་སྨད་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅོ་ལྔ་པའི་ཤིང་སྟག(༡༩༡༤)ལོར་དགའ་ལྡན་གྱི་ཁྲིར་ཕེབས། སྔ་རྗེས་སུ་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་འཆད་སྤེལ་མཛད། ཁྲི་ལ་ཕེབས་ནས་ལོ་དྲུག་པ་ས་ལུག(༡༩༡༩)ལོར་སྐུ་གཤེགས། ཞལ་ཆེམས་སུ་ངའི་ཡང་སྲིད་མེད་པས་རྩད་གཅོད་མ་བྱེད་ཅེས་བཀའ་གནང་བ་ལྟར་སྐུ་ཆས་གང་ཡོད་དགོངས་རྫོགས་མཆོད་འབུལ་དུ་བཏང་འེས་ཁྲི་ཆེན་དེ་དང་དུས་ཐོག་གཅིག་པའི་སྐྱེས་ཆེན་དམ་པ་འགའ་ཞིག་གི་ཞལ་ནས་དངོས་སུ་ཐོས་བྱུང་ལགས།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ) ཡོངས་གྲགས་སུ་ལྕང་རྒྱབ་ཁྲི་ཆེན་ཞུ་བ་དེ་ཡིན། དབུས་སྟོད་འབྲི་གུང་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་སྟག (༡༩༡༤) ལོར་དགའ་ལྡན་གྱི་ཁྲིར་ཕེབས། སྔ་རྗེས་སུ་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་འཆད་སྤེལ་མཛད། ཁྲི་ལ་ཕེབས་ནས་ལོ་དྲུག་པ་ས་ལུག (༡༩༡༩) ལོར་སྐུ་གཤེགས།
- language:
- Tibetan