- khri chen grags pa don grub
- ID:
- T225475
- ཁྲི་ཆེན་གྲགས་པ་དོན་གྲུབ (Tibetan, Tibetan script, Original)
- > khri chen grags pa don grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen drakpa döndrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་བརྒྱད་ཅུ་པ)ཨ་མདོའི་ཡུལ་དུ་འཁྲུངས། འབྲས་སྤུངས་སྒོ་མང་བསམ་བློ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་ནས་རྒྱུད་སྨད་དུ་ཞུགས། གསང་སྔགས་ཀྱི་སློབ་གཉེར་དང་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་མཛད། རིམ་བཞིན་རྒྱུད་སྨད་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་(༡༨༧༠)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས། ཁྲི་ལོ་བདུན་བསྐྱངས་ཤིང༌། དེའི་རིང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད། སྐབས་དེར་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་རྗེས་འབྲངས་བཅས་སྲིད་སྐྱོང་སྡེ་དྲུག་རིན་པོ་ཆེར་ངོ་རྒོལ་གྱི་དགའ་ལྡན་ཟིང་འཁྲུགས་ཟེར་བ་བྱུང་བར་ས་གནས་སྲིད་གཞུང་གིས་དགའ་ལྡན་དུ་དམག་དཔུང་བཏང་སྟེ་དྲག་གནོན་དང་ཚར་གཅོད་བྱས་སྟབས། ཁྲི་རིན་པོ་ཆེས་སྲིད་སྐྱོང་སྡེ་དྲུག་རིན་པོ་ཆེ་དང་ས་གནས་སྲིད་གཞུང་ལ་ཕྱོགས་མང་པོའི་རྒྱུ་མཚན་གསལ་བཤད་གནང་བར་བརྟེན་བྱེད་གཏེ་རེ་ཟུང་ལ་ཁྲིམས་གཅོད་དང༌། དེ་བྱིངས་ཚང་མ་གུ་ཡངས་ཐག་གཅོད་ཀྱི་ལྷིང་འཇགས་ལེགས་པོ་བྱུང༌། དེ་མིན་གྱི་ལོ་རྒྱུས་ཞིབ་གསལ་མ་རྙེད་ཅིང༌། རྣམ་ཐར་ཡང་ཟུར་དུ་མི་སྣང༌།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་བརྒྱད་ཅུ་པ) ཨ་མདོ་ཡུལ་དུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ལྕགས་རྟ (༡༨༧༠) ལོར་དགའ་ལྡན་ཁྲིར་ཕེབས་ནས། ཁྲི་ལོ་བདུན་བསྐྱངས་ཤིང་། དེའི་རིང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད།
- language:
- Tibetan