Skip to main content Skip to search
khri chen dge 'dun rgyal mtshan
ID:
T225477
  • ཁྲི་ཆེན་དགེ་འདུན་རྒྱལ་མཚན (Tibetan, Tibetan script, Original)
    • > khri chen dge 'dun rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen gendün gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ)རབ་བྱུང་དགུ་པའི་ཆུ་འབྲུག(༡༥༣༢)ལོར་ལྷ་སའི་ལུམ་པ་ཤག་ཏུ་འཁྲུངས་ཏེ་སེ་ར་ཆོས་རྒྱན་ལས་རབ་ཏུ་བྱུང༌། བྱེས་པ་གྲྭ་ཚང་དུ་གཞུང་ལུགས་ལ་སྦྱངས་ནས་ཆུ་བོ་གང་གཱ་ཚུན་ལ་སྙན་གྲགས་ཀྱིས་ཁྱབ་པའི་མཁས་པ་ཆེན་པོར་གྱུར། དགུང་ལོ་བཅུ་དགུ་ལ་རྗེ་བསོད་ནམས་རྒྱ་མཚོ་ལས་རབ་བྱུང་དང༌། མངའ་རིས་ལྷ་བཙུན་པ་བསོད་ནམས་དཔལ་བཟང་པོ་སོགས་ལས་བསྙེན་པར་རྫོགས་ཤིང༌། ཞེ་བཞི་པ་ཤིང་ཕག(༡༥༧༥)ལོར་རྒྱུད་སྨད་ཀྱི་བླ་མར་ཕེབས། དགུང་གྲངས་ང་བརྒྱད་པ་ས་གླང(༡༥༨༩)ལ་བྱང་རྩེར་ཕེབས། དགུང་ལོ་དོན་གཉིས་སུ་ཕེབས་པ་རབ་བྱུང་བཅུ་པའི་ཆུ་ཡོས(༡༦༠༣)ལོར་གསེར་ཁྲིར་འཁོད་ནས་རྒྱལ་མཆོག་ཡོན་ཏན་རྒྱ་མཚོའི་རབ་བྱུང་གི་སློབ་དཔོན་མཛད། དོན་དྲུག་པ་རབ་བྱུང་བཅུ་པའི་མེ་ལུག(༡༦༠༧)ལ་ཟུར་བཞུགས་མཛད་པའི་ལོ་དེར་གཤེགས། སློབ་མ་ཡང་རྒྱལ་དབང་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྟོང་འཁོར་ཡོན་ཏན་རྒྱ་མཚོ། རྗེ་རྣམ་རྒྱལ་དཔལ་བཟང༌། གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ། མཁས་པའི་ཡང་རྩེ་སྟག་ལུང་གྲགས་པ་རྒྱ་མཚོ་སོགས་མཐའ་ཡས་པ་བྱུང༌།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ) རབ་བྱུང་དགུ་པའི་ཆུ་འབྲུག (༡༥༣༢) ལོར་ལྷ་སར་ལུམ་ཤག་ཏུ་འཁྲུངས་ཏེ་སེ་ར་ཆོས་རྒྱན་ལས་རབ་ཏུ་བྱུང་། དོན་དྲུག་པ་རབ་བྱུང་བཅུ་པའི་མེ་ལུག (༡༦༠༧) ལ་ཟུར་བཞུགས་མཛད་པའི་ལོ་དེར་གཤེགས།

language:
Tibetan