Skip to main content Skip to search
khri chen dge 'dun tshul khrims
ID:
T225480
  • ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས (Tibetan, Tibetan script, Original)
    • > khri chen dge 'dun tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trichen gendün tsültrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་རེ་ལྔ་པ)མདོ་ཁམས་རྒྱལ་ཐང་གི་ཉེ་འདབས་ཡང་ཐང་ཞེས་པར་རབ་བྱུང་བཅུ་པའི་ཤིང་བྱི(༡༧༤༤)ལོར་འཁྲུངས། དགུང་ལོ་ཉེར་ལྔ་པ་ས་བྱི(༡༧༦༨)ལོར་དབུས་སུ་ཕེབས། སེར་སྨད་གྲྭ་ཚང་སྤོམ་འབོར་ཁང་ཚན་དུ་ཆོས་ཞུགས་མཛད་ནས་གཞུང་བཀའ་པོད་ལྔར་སློབ་གཉེར་མཐར་ཕྱིན་གནང༌། དགུང་ལོ་བཞི་བཅུ་པ་ཆུ་ཡོས(༡༧༨༣)ལོར་དགེ་བཤེས་ལྷ་རམས་པ་ཐོན། ལོ་དེར་རྒྱུད་སྟོད་དུ་ཞུགས་ནས་གསང་སྔགས་ལ་སྦྱངས་པ་མཛད། དགུང་ལོ་ཞེ་དགུ་པ་ཆུ་བྱི(༡༧༩༢)ལོར་རྒྱུད་སྟོད་བླ་མ་དབུ་མཛད་དང༌། དེའི་ཕྱི་ལོར་མཁན་པོའི་ཁྲིར་ཕེབས། དགུང་ལོ་ང་གཅིག་པ་ཤིང་སྟག(༡༧༩༤)ལོར་ས་གནས་སྲིད་གཞུང་གིས་པེ་ཅིན་དུ་གཡུང་ཧོ་དགོན་པའི་མཁན་པོར་བསྐོས་པ་ལྟར་ཕེབས་དགོས་བྱུང༌། དགུང་ལོ་ང་བརྒྱད་པ་ལྕགས་བྱ་(༡༨༠༡)ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་བདུན་བསྐྱངས་ནས་དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས(༡༨༠༧)ལོར་སྐུ་གཤེགས། རྣམ་ཐར་མདོར་བསྡུས་ཤིག གོང་གསལ<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ཛ]པར་ཤོཀ་གྲངས་བརྒྱད་ཡོད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་རེ་ལྔ་པ) མདོ་ཁམས་རྒྱལ་ཐང་གི་ཉེ་འདབས་ཡང་ཐང་ཞེས་པར་རབ་བྱུང་པའི་ཤིང་བྱི (༡༧༤༤) ལོར་འཁྲུངས། དགུང་ལོ་ང་བརྒྱད་པ་ལྕགས་བྱ (༡༨༠༡) ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་བདུན་བསྐྱངས་ནས་དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས (༡༨༠༧) ལོར་སྐུ་གཤེགས།

language:
Tibetan