- khri chen rgya nag pa blo gros rgya mtsho
- ID:
- T225482
- ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ (Tibetan, Tibetan script, Original)
- > khri chen rgya nag pa blo gros rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen gyanak pa lodrö gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ཞེ་བཞི་པ)རབ་བྱུང་བཅུ་གཅིག་པའི་ཤིང་ཕག་(༡༦༣༥)ལོར་ཨ་མདོ་སྟག་ཕྱུག་རྒྱུད་དུ་འཁྲུངས། བྱིས་པའི་དུས་ནས་འཇིགས་པ་སོགས་ཀྱི་ཚེ་དམིགས་བརྩེ་མ་དང༌། བཛ་པ་ནི་གསུངས་པས་དཔྱོད་ལྡན་དག་གིས་འདི་ནི་འདི་དང་འདིའི་སྐྱེ་བའོ་ཞེས་གླེང་བརྗོད་མང་དུ་བྱེད་ཀྱང་རྗེ་ཡི་སྤྲུལ་པར་གྲགས་ཆེ། འབྲས་སྤུངས་སྒོ་མང་ཀླུ་འབུམ་དུ་ཞུགས། མཁས་གྲགས་ཤིན་ཏུ་ཆེ། རྒྱུད་སྨད་དུ་བྱོན། བདེ་ཡངས་གྲྭ་ཚང༌། སྒོ་མང་གྲྭ་ཚང༌། དཔལ་ལྡན་རྒྱུད་སྨད། བྱང་རྩེ་རྣམས་ཀྱི་མཁན་ཁྲིར་རིམ་བཞིན་བརྒྱུད་མཐར་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི(༡༦༨༢)ལོར་གསེར་ཁྲིར་བྱོན། གོང་མ་ཁང་ཤིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ལ་བསྟན་འགྲོར་ཕན་པའི་བླ་མ་ཞིག་དགོས་པའི་ཕོ་ཉ་བཏང་བར་གོང་ས་མཆོག་ནས་རྗེ་འདི་ལ་འོས་ཚུལ་གྱི་ཕྱག་ཐམ་ཕེབས་པ་སྤྱི་བོར་བླངས་ཏེ་ཁྲི་ལོ་བཞི་སོང་མཚམས་ཤིང་གླང(༡༦༨༥)ལོར་གོང་མའི་རྒྱལ་སར་བྱོན། ཧལ་ཧ་ཨོ་ལོད་འཁྲུགས་གྲབས་བྱེད་པ་ལོ་ཤས་ཞི་བར་བྱས། གོང་མ་ཁང་ཤིས་མཇལ་འཕྲད་ཀྱང་གནང་ཞིང༌། གོང་མས་ཐུགས་དགྱེས་པ་བྱུང་སྟབས་པེ་ཅིན་དུ་རྒྱུན་རིང་བཞུགས་པས་ཁྲི་རྒྱ་ནག་པར་གྲགས། རབ་བྱུང་བཅུ་གཉིས་པའི་ས་འབྲུག(༡༦༨༨)ལོར་སྙུན་ཟུག་སོགས་མེད་པར་ཆོས་དབྱིངས་སུ་གཤེགས་པར་མཛད། གདུང་འང་རང་བྱོན་གྱི་རྣམ་པ་མང་དུ་སྣང་བ་ལ་དངུལ་གདུང་བཞེངས་ཤིང༌། སློབ་མ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང༌། ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་མང༌།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ཞེ་བཞི་པ) རབ་བྱུང་བཅུ་གཅིག་པའི་ཤིང་ཕག (༡༦༣༥) ལོར་ཨ་མདོ་སྟག་ཕྲུག་རྒྱུད་དུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི (༡༦༨༢) ལོར་གསེར་ཁྲིར་བྱོན། གོང་མ་ཁང་ཤིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ལ་བསྟན་འགྲོར་ཕན་པའི་བླ་མ་ཞིག་དགོས་པའི་ཕོ་ཉ་བཏང་བར་གོང་ས་མཆོག་ནས་རྗེ་འདི་ལ་འོས་ཚུལ་གྱི་ཕྱག་ཐམ་ཕེབས་པ་སྤྱི་བོར་བླངས་ཏེ་ཁྲི་ལོ་བཞི་སོང་མཚམས་ཤིང་གླང (༡༦༨༥) ལོར་གོང་མའི་རྒྱལ་སར་བྱོན། ཧལ་ཧ་ཨོ་ལོད་འཁྲུངས་གྲབས་བྱེད་པ་ལོ་ཤས་ཞི་བར་བྱས། གོང་མ་ཁང་ཤིས་མཇལ་འཕྲད་ཀྱང་གནང་ཞིང་། གོང་མས་ཐུགས་དགྱེས་པ་བྱུང་སྟབས་པེ་ཅིང་དུ་རྒྱུན་རིང་བཞུགས་པས་ཁྲི་རྒྱ་ནག་པར་གྲགས། རབ་བྱུང་བཅུ་གཉིས་པའི་ས་འབྲུག (༡༦༨༨) ལོར་སྙུན་ཟུག་སོགས་མེད་པར་ཆོས་དབྱིངས་སུ་གཤེགས་པར་མཛད། གདུང་ལའང་རང་བྱོན་གྱི་རྣམ་པ་མང་དུ་སྣང་བ་ལ་དངུལ་གདུང་བཞེངས་ཤིང་། སློབ་མ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་། ལྕང་སྐྱ་ངག་དབང་ཆོ་ལྡན་སོགས་མང་།
- language:
- Tibetan